འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་26ཉིན།

༄༅།།བྲོ་གར་《མཁའ་ལམ》

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་26ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བྲོ་གར་《མཁའ་ལམ》
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྒྱབ་སྐྱོར་བྱས་པའི་ལས་གཞི་སྟེ། གསར་རྩོམ་བྱས་པའི་མི་རིགས་ཀྱི་བྲོ་གར་ཆེ་གྲས《མཁའ་ལམ་》མི་རིགས་ཟློས་གར་ཁང་དུ་ཐེངས་དང་པོར་འཁྲབ་སྟོན་བྱས་པ་རེད།
    བྲོ་གར་འདི་ནི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་རྒྱལ་ཁབ་རིམ་པ་དང་པོའི་རྩོམ་སྒྲིག་འཁྲབ་ཁྲིད་པ་ཏེང་ལན་དབྱིང་དང་། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་གླིང་བྲོ་གར་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཅང་ཏུང་། དེ་བཞིན་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ན་གཞོན་གསར་གཏོད་པ་ཁག་ཅིག་བཅས་ཀྱིས་གསར་གཏོད་གཙོར་བྱས་ནས། ཀྲུང་དབྱང་མི་རིགས་གླུ་གར་ཁང་གི་ཕུལ་བྱུང་བྲོ་གར་འཁྲབ་སྟོན་པས་གཙོ་འཁྲབ་བྱས་པ་རེད། 
    བྲོ་གར་《མཁའ་ལམ་》ནི་སྒྱུར་བཅོས་སྒོ་འབྱེད་ཀྱི་ལས་གྲྭ་གཙོ་གནད་ཞིག་སྟེ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དེ་རྒྱབ་ལྗོངས་བྱེད་པའི་དངོས་མཚོན་བྲོ་གར་ཞིག་ཡིན་པ་དང་། ཀྲང་ཀོང་གིས་ཚབ་བྱས་པའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས་ལོ་མང་རིང་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པ་དང་།  སྐྱེ་ཚུལ་ཉམས་པ་སོགས་ཀྱི་འཛམ་གླིང་རང་བཞིན་གྱི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཏེ། ལང་ཚོ་དང་ཚེ་སྲོག་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལས་དོན་ཐད་ཕུལ་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། 
    བྲོ་གར་ལ་ལེ་ཚན་དྲུག་ཡོད་པ་སྟེ། ལེ་ཚན་འགོ་མ"ལོ་རིས"དང་།  ལེ་ཚན་དང་པོ"སོན་འདེབས" ལེ་ཚན་གཉིས་པ"བད་ནག" ལེ་ཚན་གསུམ་པ"ཁ་བ་ཆེན་པོ" ལེ་ཚན་བཞི་བ"སྲིན་བུ་འགུལ་བ" ལེ་ཚན་མཇུག་མ"འཇའ་ཚོན"བཅས་རེད། བྲོ་གར་གྱི་གཏམ་རྒྱུད་སྒྲིག་སྟངས་ཚགས་དམ་ཞིང་། ས་ཁོངས་མང་པོའི་གར་སྟེགས་ཀྱི་ལྗོངས་བཀོད་དང་བར་སྟོང་གི་འགྱུར་ལྡོག་ལ་བརྟེན་ནས། འཁྲབ་གཞུང་གི་ནང་དོན་འཕེལ་རྒྱས་དང་། མི་སྣའི་གཤིས་ཀ་དང་སེམས་ཚོར་གྱི་འགྱུར་ལྡོག་བཅས་དང་དམ་ཏུ་སྦྲེལ་ཏེ་རོལ་དབྱངས་དང་བྲོ་གར་སྒྲིག་འཛུགས་བྱས་ཡོད་པས། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་རྣམ་པ་མཚོན་ཡོད་པར་མ་ཟད། དུས་རབས་ཀྱི་ནང་དོན་གསར་པ་ཡང་འདུས་ཡོད། 
【1】  【2】  【3】  【4】
༄༅།།བྲོ་གར་《མཁའ་ལམ》