འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་22ཉིན།

༄༅།།རང་རྒྱལ་གྱིས་ཚོད་ལྟའི་སྲུང་སྐར་ཨང་དྲུག་པ་བདེ་བླག་ངང་འཕེན་གཏོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་22ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་གྱི་ཆུ་ཚོད་7དང་སྐར་མ་40ཡི་ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ་སྲུང་སྐར་ཨང་དྲུག་པ་དང་རྒྱ་སྲང་ཨང་དང་པོའི་Aསྲུང་སྐར་དང་Bསྲུང་སྐར། ཅ་ཏིང་ཨང་དང་པོ་དང་མཉེན་ཆས་མཚན་ཉིད་སྲུང་སྐར་སོགས་སྲུང་སྐར་ཆུང་གྲས་4བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་ཚང་མ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ཡོད་པ་རེད།
    ཚོད་ལྟའི་སྲུང་སྐར་དྲུག་པ་དེ་གཙོ་བོ་བར་སྣང་ཁོར་ཡུག་འཚོལ་ཞིབ་ཐིག་ལེན་དང་འབྲེལ་ཡོད་ལག་རྩལ་ཚོད་ལྟ་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། རྒྱ་སྲང་ཨང་དང་པོའི་Aསྲུང་སྐར་དང་Bསྲུང་སྐར་གཉིས་གཙོ་བོ་ས་ངོས་སུ་སྒྲིག་ཆས་ཀྱི་ཞིབ་ཚད་དང་ཚད་རྟགས་ལ་ལྟ་དཔྱད་ཚོད་འཛིན་བྱ་རྒྱུར་སྤྱོད་རྒྱུ་རེད། ཅ་ཏིང་སྲུང་སྐར་ཨང་དང་པོ་དེ་ཧྲང་ཧའེ་ཨོའུ་ཁོ་ཝུའེ་མཁའ་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པ་དང་། དེ་ནི་ཀུང་སི་དེའི་འཁོར་ལམ་དམའ་བའི་ཚོང་ལས་འཕྲིན་གཏོང་སྲུང་སྐར་གྱི་སྐར་ཚོམ“ཞང་ཡུན”གྱི་སྲུང་སྐར་ཐོག་མ་དེ་ཡིན་པ་རེད།