འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱས་པས་མང་ཚོགས་ཀྱི་སྨན་རིན་དམའ་རུ་འགྲོ་རེ་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་14ཉིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པའི་ཐོག《རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་སྒྲིག་འཛུགས་ཀྱི་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱས་པས་མང་ཚོགས་ཀྱི་སྨན་རིན་དམའ་རུ་འགྲོ་རེ་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱིས་ད་རེས་གཅིག་སྡུད་ཉོ་སྒྲུབ་སྒྲིག་འཛུགས་བྱེད་པ་ནི་གཙོ་བོ་གྲངས་ཚད་གཏན་འཁེལ་གྱི་ཉོ་སྒྲུབ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་རིན་གོང་དེ་བས་དམའ་བ་ཡོང་ཐབས་བྱེད་པ་དེ་རེད། གྲངས་ཚད་གཏན་འཁེལ་གྱི་ཉོ་སྒྲུབ་ནི་གཅིག་སྡུད་ཉོ་སྒྲུབ་ཀྱི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་ཞིང་། དེ་ནི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱེད་རིང་འོས་སྐུལ་འོས་དཔོད་བྱེད་པའམ་ཡང་ན་གོང་ཚད་སྒྲིག་སྐབས་ཉོ་སྒྲུབ་ཀྱི་གྲངས་ཚད་གཏན་འཁེལ་བྱས་ནས་ཁེ་ལས་ཀྱིས་སྨན་རྫས་ཀྱི་གྲངས་ཚད་ཞིབ་ཕྲར་དམིགས་ནས་རིན་གོང་གཏན་འཁེལ་བྱེད་དགོས་པ་དང་། ཉོ་སྒྲུབ་ཀྱི་གྲངས་ཚད་ཁ་གསལ་ཡིན་པའི་ཉོ་སྒྲུབ་བྱེད་སྟངས་དེར་གྲངས་ཚད་གཏན་འཁེལ་གྱི་ཉོ་སྒྲུབ་ཅེས་བརྗོད་ཀྱི་ཡོད་ལ། རང་རྒྱལ་གྱིས་ལོ་མང་རིང་སྨན་རྫས་ཉོ་སྒྲུབ་བྱེད་སྐབས་ལོན་ཐབས་བྱེད་པའི་དམིགས་ཚད་ཀྱང་རེད།
        ལོ་མང་རིང་། སྨན་རྫས་གཅིག་སྡུད་འོས་སྐུལ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་དེ་སྔར་བཞིན་རང་རྒྱལ་གྱི་སྨན་རྫས་འཁོར་རྒྱུག་སྒྲིག་སྲོལ་གྱི་གཞི་རྩའི་ལམ་ལུགས་ཤིག་རེད། ཁྲོམ་རའི་དཔལ་འབྱོར་དང་ཕུགས་ཀྱི་འཕེལ་རྒྱས་ནས་བལྟས་ཚེ། ངེས་པར་དུ་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། གྲངས་ཚད་གཏན་འཁེལ་གྱི་གོང་ཚད་སྒྲིག་པར་གཙོ་བོ་ཉོ་སྒྲུབ་ཀྱི་ཚད་གཞིའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། ཉོ་སྒྲུབ་བྱེད་ཚད་ཇི་ཙམ་གྱིས་མང་ན་རིན་གོང་དེ་ཙམ་གྱིས་ཁེ་བ་ཡོད། དེ་ལྟར་ནད་པར་སྤུས་ཚད་ལེགས་ལ་རིན་གོང་ཁེ་བའི་ཚད་ལྡན་སྨན་སྤྱོད་རྒྱུ་ཡོད་ལ་ཁེ་ལས་ལའང་གང་མགྱོགས་མ་གནས་ཚུར་བསྡུ་དང་དཔལ་འབྱོར་ཕན་འབྲས་ཐོན་ནས་ལས་རིགས་དེ་བས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ།