འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།ཝུའུ་ཧན་ཞིང་ལས་དངོས་མང་སྟོན་ཚོགས་ལ་སྒོར་དུང་ཕྱུར་140ཡི་ཞིང་ལས“སྣོད་བཅུད”ཀྱི་གན་རྒྱ་བཞག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་4ཡི་ཀྲུང་གོ་ཝུའུ་ཧན་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་ཚེས་17ཉིན་འགོ་ཚུགས་པ་དང་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ནས་ཡོང་བའི་ཁེ་ལས་4000ལྷག་ཙམ་གྱིས་ཞིང་ཞོར་ཐོན་རྫས་སྣ་ཁ་ཆིག་ཁྲི་ལྷག་ཙམ་དང་དེ་བཞིན་སྔོན་ཐོན་གྱི་ལྗང་མདོག་ཞིང་ལས་ཚན་རྩལ་འགྲེམས་སྟོན་བྱས་ཡོད། འགོ་ཚུགས་ཉིན་མོར། ཞིང་ལས་སྣོད་བཅུད་རྣམ་གྲངས་ཆེན་པོ་4གན་རྒྱ་བཞག་པ་དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་140ཟིན་ཡོད་པ་རེད།
          ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་རྣམ་གྲངས་4ནི་ཝུའུ་ཧན་ཏུང་ཤིས་ཧུའུ་ཐེན་ཡུས་གྲོང་གསེབ་ཕྱོགས་བསྡུས་དངོས་གཞིའི་སྐྱེ་ལྡན་སྣོད་བཅུད་ལུས་གསོའི་ཞིང་པའི་འབྲུ་རིགས་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་35དང་། ཅིང་ཀྲོའུ་གྲོང་ཁྱེར་མཐོ་གསར་ཆུས་ཞིང་འབྲིང་སྔོ་ལྗང་གྲོང་ཁྱེར་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་80 དབྱི་ལིན་ཆུས་ཚ་ལུ་མ་ཁྱད་ལྡན་གྲོང་རྡལ་ཆུང་ངུའི(དུས་ཐེངས་དང་པོ)རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་18 པའོ་ཁང་རྫོང་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ལས་སྣོན་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་8.6བཅས་ཡིན་པ་རེད