འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།རི་གཤམ་དུ་སྤོས་པའི་འགྱུར་ལྡོག 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས“ཕིང་ཡཱ་གསར་པར”གནས་སྤོ་བྱས་པའི་གྲོང་མི་ཞིག་རང་གི་སྡོད་ཁང་གསར་པ་ནས་ཐོན་བཞིན་པ།
ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས“ཕིང་ཡཱ་གསར་པར”གནས་སྤོ་བྱས་པའི་གྲོང་མི་ཞིག་རང་གི་སྡོད་ཁང་གསར་པ་ནས་ཐོན་བཞིན་པ།
     ལོ་གསུམ་ལྷག་འཛུགས་སྐྲུན་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་དུམ་བུའི་འབྲུག་ཆུའི་ངོགས་སུ། “ཕིང་ཡཱ་གསར་པ”བསྐྲུན་ཟིན་ལ། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ་གནས་སྤོ་ཐུབ་རྒྱུ་རེད། ཕིང་ཡཱ་བོད་རིགས་ཤང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་ཁུལ་གྱི་ཤང་དང་གྲོང་རྡལ་25ཡི་གྲས་ཤིག་ཡིན་པ་དང་། 2015ལོར་ས་གནས་དེ་གའི་སྲིད་གཞུང་གིས་ཕིང་ཡཱ་བོད་རིགས་ཤང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་ཐག་བཅད་རྗེས་རི་ཁུལ་གྱི་གྲོང་ཚོ་8ཀྱི་དུད་ཚང་1236གི་མི་5731ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.69བཏང་ཞིང་། འདི་ནི་ཀན་སུའུ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གྲྭའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པ་རེད།