འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས་2019ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་
དོན་བཀོད་སྒྲིག་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས་པེ་ཅིང་དུ་2019ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དུས་བབ་གསར་པའི་འོག་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་གྱི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ནན་པོ་བྱས་ཏེ། མི་དམངས་ཉིན་རེའི་ཚགས་པར་དང་། 《བདེན་འཚོལ》དུས་དེབ། དེ་བཞིན་འོད་ཟེར་ཉིན་རེའི་ཚགས་པར་དང་དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་འགྲེམས་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ནི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཐོན་ཁུངས་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཡུལ་ས་གཙོ་བོ་ཡང་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་མངག་ཉོའི་ལས་དོན་ཡག་པོ་བསྒྲུབས་ནས་འགྲོ་གྲོན་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཕུགས་ཕན་མངགས་ཉོའི་ལམ་སྲོལ་ལ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཀྲུང་དབྱང་གི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་གྱི་གྲངས་འབོར་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།