འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་17ཉིན།

༄༅།།སི་ཕེན་གྱི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་བདེ་བླག་ངང་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་སི་ཕེན་གྱི་སྐབས་ལྔ་པའི“ཀྲུང་ཧུའེ་བུམ་པ·ང་ནི་གཏམ་བཤད་བྱེད་མཁན་རྩེ་གྲ་དེ་ཡིན”ཞེས་པའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་མ་ཏེ་རིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་དང་། རྒྱའི་སྐད་ཡིག་གི་སློབ་གྲྭ་8ནས་ཡོང་བའི་ལོ་7ནས་17བར་གྱི་སློབ་མ་23གྱིས་ལོ་ན་ཆུང་བའི་ཚོགས་ཆུང་དང་གཞོན་ནུ་ལོ་ཆུང་གི་ཚོགས་ཆུང་གི་འགྲན་བསྡུར་ནང་ཞུགས་པ་དང་སི་ཕེན་གྱི་རྒྱའི་སྐད་ཡིག་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་དང་། སི་ཕེན་དུ་བྱིས་སྡོད་ཀྲུང་གོའི་ཚོང་པའི་འཐུས་མི། ལས་རིགས་ཁག་གི་མི་སྣ་བཅས་100ལྷག་ཙམ་ཞུགས་ཡོད་པ་རེད།
     སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚེ་མོ་ཁང་གི་ཁེ་སྐྱོང་ཚན་ཙན་ཀྲུའུ་ཅན་གྱིས་ཤིག་ཚིག་བརྗོད་སྐབས། ལོ་ལྔའི་རིང“ང་ནི་གཏམ་བཤད་བྱེད་མཁན་རྩེ་གྲ་ཡིན”ཞེས་པའི་འགྲན་བསྡུར་ཆེ་མོ་གཅིག་ལས་གཅིག་ཡག་པ་སྤེལ་ཐུབ་པས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཆེ་རུ་ཕྱིན་པ་མ་ཟད། རྒྱ་སྐད་ཀྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་བཤད།
     སི་ཕེན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའོ་ཧྥེང་གིས“ང་ནི་གཏམ་བཤད་བྱེད་མཁན་རྩེ་གྲ་ཡིན”ཞེས་པ་དེ་སི་ཕེན་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླའི་ལས་རིགས་ཀྱི་ཀྲུང་གོའི་རིག་གནས་སློབ་གསོའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། བྱེད་སྒོ་དེ་རིགས་རྒྱལ་ཁབ་སྔར་ལས་མང་བར་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།