འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་རྩད་ཆོད་པའི་གསེར་ཁེ་ལྔ་སྟོང་ལྐོག་འདྲེན་བྱས་པའི་གྱོད་གཞི་ལ་ཁྲིམས་ཁང་
གིས་ཁྲིམས་བཅད་ཁྱབ་སྒྲོག་བྱས་འདུག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་རྩད་ཆོད་པའི་གསེར་ཁེ་ལྔ་སྟོང་ལྐོག་འདྲེན་བྱས་པའི་གྱོད་གཞི་ལ་ཁྲིམས་ཁང་
གིས་ཁྲིམས་བཅད་ཁྱབ་སྒྲོག་བྱས་འདུག
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། བོད་ལྗོངས་འདྲི་གཅོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་གསེར་ཁེ་5000ལྐོག་འདྲེན་བྱས་པའི་གྱོད་དོན་ཞིག་ཡོངས་བསྒྲགས་འདྲི་གཅོད་དང་ཁྲིམས་སར་ཁྲིམས་བཅད་ཁྱབ་སྒྲོག་བྱས་ཡོད། འདི་ནི་ཉེ་བའི་ལོ་འགའི་ནང་བོད་ལྗོངས་ནས་ཁྲིམས་ཐག་བཅད་པའི་གསེར་དངུལ་རྩ་ཆེན་ལྐོག་འདྲེན་བྱས་པའི་གྱོད་དོན་ཐོག་མ་དེ་རེད། 
     2018ལོའི་ཟླ་11ཚེས་8ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསེར་དངུལ་རྩ་ཆེན་ལྐོག་འདྲེན་བྱས་པའི་གྱོད་དོན་ཞིག་ཡོངས་བསྒྲགས་འདྲི་གཅོད་བྱས་པ་མ་ཟད་ཁྲིམས་ས་རང་དུ་ཁྲིམས་བཅད་ཡོད། གྱོད་པ་བསྟན་ཆེ་གེ་མོ་དང་Cཆེ་གེ་མོ(བལ་ཡུལ་གྱི་མི)གཉིས་ཀྱིས་གསེར་ཁེ་5000ལྐོག་འདྲེན་བྱས་པ་དེ་རིན་གོང་སྒོར་ཁྲི་153.5ཟིན་ཞིང་། སོ་སོར་གསེར་དངུལ་རྩ་ཆེན་ལྐོག་འདྲེན་བྱས་པའི་ནག་ཉེས་ཡོད་པ་དང་། དུས་བཙོན་གྱི་ཁྲིམས་ཆད་དང་དངུལ་ཆད་ཆབས་སྦྲགས་སུ་བཅད་ལ།  གྱོད་འབྲེལ་གྱི་གསེར་གཞུང་བཞེས་བཏང་ཡོད།
     ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་ཉེན་རྟོག་པས་ངོ་སྤྲད་པར་གཞིགས་ན། དོགས་ཡོད་ཉེས་ཅན་བསྟན་ཆེ་གེ་མོ་ཡིས་ཁྲིམས་འགལ་གྱི་ཁེ་ཕན་བསམ་ནས། བལ་ཡུལ་མཐའ་མཚམས་ཀྱི་མི་Cཆེ་གེ་མོ་གླས་ཏེ། འགག་སྒོ་ལས་ཁུངས་ཀྱི་ལྟ་ཞིབ་ལས་གཡོལ་ཆེད་གསེར་དུམ་བུ་5(ལྗིད་ཚད་ལ་ཁེ་5000དང་རིན་གོང་སྒོར་ཁྲི་153.5)བཏུང་ཆུ་བཞག་པའི་སྒམ་ནང་དུ་བཞག་ནས་བལ་ཡུལ་དུ་འཁྱེར་རྩིས་ཡོད།