འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།ཀྲུང་གོའི་གསོ་རིག་གི་མ་བཅོས་རྒྱུ་ཆ་སྤུས་རྟགས་འགྲེམས་སྟོན་གྱིས་ཨ་རིར་ལས་རིགས་མང་པོའི་ཚོང་པའི་ཡིད་དབང་བཀུག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། ཀྲུང་གོ་ཚོང་དོན་པུས་ཨ་རིའི་ལ་སི་ཝེ་ཅ་སིར་2018ལོའི་ཀྲུང་གོའི་གསོ་རིག་གི་མ་བཅོས་རྒྱུ་ཆའི(ཨ་རི)སྤུས་རྟགས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོའི་གསོ་རིག་གི་མ་བཅོས་རྒྱུ་ཆའི་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་དང་རང་བརྟེན་སྤུས་རྟགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་དེ་རེད།
        ད་ཐེངས་ཀྱི་འགྲེམས་ཚོགས་དེ་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་དང་ཀྲུང་གོ་གསོ་རིག་ལུས་ཁམས་བདེ་སྲུང་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་ཁུར་བས་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཡུན་ཉིན་གཉིས་ཀྱི་འགྲེམས་ཚོགས་ཐོག་ཀྲུང་གོའི་འགྲེམས་ཞུགས་ཁེ་ལས་ཀྱིས་ཁྱོན་ཚོང་ཤག་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་བྱས་པའི་གྲས་སུ་80%ནི་ཨ་རིའི་ཚོང་པ་ཡིན་པ་དང་འདོད་མཐུན་བྱུང་བའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་ཁྲི་660ཙམ་ཟིན་ཡོད།
       ཀྲུང་གོ་གསོ་རིག་ལུས་ཁམས་བདེ་སྲུང་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་མའོ་ཁྲུན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་གསོ་རིག་ལ་རྒྱལ་སྤྱིའི་འཚོ་བཅུད་ལུས་ཁམས་བདེ་སྲུང་ཁྲོམ་རའི་དམིགས་བསལ་དོ་ཁུར་དང་ཁས་ལེན་རིམ་བཞིན་ཐོབ་པ་དང་། ཀྲུང་གོའི་རྩི་ཤིང་ནས་རྒྱུ་ཆ་ལེན་པའི་ཐོན་ལས་ལ་སྲོལ་རྒྱུན་ཀྲུང་ལུགས་གསོ་རིག་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ཐོན་ཁུངས་ཀྱི་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་རྩི་ཤིང་ནས་རྒྱུ་ཆ་ལེན་པའི་ཐོན་རྫས་མཁོ་འདོན་བྱ་ཡུལ་གལ་ཆེ་ཤོས་ཀྱི་གྲས་སུ་གྱུར་ནས་ཀྲུང་གོའི་གསོ་རིག་གི་མ་བཅོས་རྒྱུ་ཆའི་ཐོན་ལས་དེ་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་ནས་ཕྱིར་གཏོང་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་བཤད་པ་རེད།