འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།2018ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ནང་འགྲན་ཞུགས་པ་སྟོབས་རྒྱལ་གྱིས་ཨང་དང་པོ་བླངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2018ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ནང་འགྲན་ཞུགས་པ་སྟོབས་རྒྱལ་གྱིས་ཨང་དང་པོ་བླངས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། 2018ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གོའི་ས་གནས་ཁག་ནས་ཡོང་བའི་འགྲན་ཞུགས་པ་ཁྱོན་མི་3000ལྷག་ཞུགས་ཡོད་པ་རེད།
     ཉིན་དེར། "མཛེས་སྡུག་ལྡན་པའི་ལྷ་ས། བདེ་ཐང་གི་འཚོ་བ་མཉམ་དུ་རོལ། སའི་གོ་ལའི་སྣེ་གསུམ་པར་རྒྱུག"ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲན་རྒྱུག་ནང་ཁྱོན་བསྡོམས་ལམ་ཕྱེད་མར་སུན་(སྤྱི་ལེ་21.0975)དང་། ཉམས་ལེན་ཚོགས་པ(སྤྱི་ལེ་10) བདེ་ཐང་རྒྱུག་ཤར་ཚོགས་པ(སྤྱི་ལེ་5)བཅས་ཚོགས་ཆུང་རིགས་གསུམ་ཡོད་ཅིང་། ལམ་ཐག་ཡོངས་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ལྷག་ཟིན་ཡོད་པ་རེད།   
     མཐའ་མཇུག་ཏུ། དེ་སྔོན་ཡ་ཅ་ཏའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་སྐྱེས་པའི་མར་སུན་རྣམ་གྲངས་ལ་ལོ་རྒྱུས་གསར་གཏོད་བྱེད་མཁན་བོད་ལྗོངས་ཀྱི་ཕོ་གསར་སྟོབས་རྒྱལ་གྱིས་ཆུ་ཚོད་1དང་སྐར་མ་11 སྐར་ཆ་35ཡི་རྒྱུག་འབྲས་ལས་ལམ་ཕྱེད་མར་སུན་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།  ལམ་ཕྱེད་མར་སུན་བུད་མེད་ཚོགས་ཆུང་གི་ཨང་དང་པོ་དེ་ལོ་ན་16ལ་སོན་པའི་བོད་རིགས་བུ་མོ་ཚེ་རིང་མཚོ་མོས་ཆུ་ཚོད་1དང་སྐར་མ་23སྐར་ཆ་20ཡི་རྒྱུག་འབྲས་ཐོག་ནས་བླངས་པ་རེད།