འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཕྱི་ཕྱོཌ་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་འཕར་ཚད་11.3%ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འགག་སྒོ་ལས་ཁུངས་ནས་བསྡོམས་རྩིས་བྱས་པར་གཞིཌ་ན། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་25.05ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་11.3%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་13.35ཟིན་ནས་7.9%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་11.7ཟིན་ནས་15.5%འཕར་བ། ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི་1.65ཟིན་ནས་26.1%ཆུང་དུ་ཕྱིན་ཡོད་པ་རེད།
         ཟླ་བཅུ་པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.75ཟིན་ནས་22.9%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་1.49ཟིན་ནས་20.1%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.26ཟིན་ནས་26.3%འཕར་བ། ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་2336.3ཟིན་ནས་5%ཆུང་དུ་ཕྱིན་ཡོད་པ་རེད།
        དམངས་གཉེར་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་མཐོ་རུ་སོང་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་9.88ཟིན་ནས་14.6%འཕར་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་39.4%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1མཐོ་རུ་ཕྱིན་ཡོད་པ་རེད།