འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཧྲའན་ཤིས་ཀྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་རིམ་རྩིས་བྱས་ན་ཁྲི་48.1ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཧྲའན་ཤིས་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། ཧྲའན་ཤིས་ཞིང་ཆེན་གྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་རིམ་རྩིས་བྱས་ན་ཁྲི་48.1ཟིན་ཞིང་ཕ་ཡུལ་དུ་ལོག་མཁན་གྱིས་ཁེ་ལས་སམ་ཡང་ན་དཔལ་འབྱོར་དངོས་ཚན་ཁྲི་25.84བཙུགས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་414.4བཏང་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་ངལ་ནུས་ཁྲི་147.48ལས་ཞུགས་གཞན་སྒྱུར་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོའི་ནང་ཧྲའན་ཤིས་ཞིང་ཆེན་གྱིས་ནུབ་རྒྱུད་ས་ཁུལ་གྱི་ཞིང་པ་ལས་མིའི་ལས་གཏོད་སྐུལ་གཏོང་འདུ་འགོད་ཀྱི་ཚོད་ལྟའི་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་ཞིང་པ་ལས་མིའི་ལས་གཏོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་གསར་སྐྱེས་ཀྱི་ཞིང་པ་ལས་མིར“དྲ་སྦྲེལ+”ཀྱིས་མཚོན་བྱེད་དུ་བྱེད་པའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།