འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཧེ་ལུང་ཅང་གི་ས་ཆ་ཁག་གཉིས་སུ་བདག་ཏུ་མ་བཟུང་བའི་བྱང་ཤར་སྟག་གི་རྗེས་ཤུལ་ཐོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧར་པིན་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧེ་ལུང་ཅང་ནགས་ཚལ་བཟོ་ལས་ཁོངས་གཏོགས་ཏུང་ཅིང་གྲོང་གཙོ་གནད་གཞུང་ཁོངས་ནགས་དོ་དམ་ཅུས་ཐོན་ཁུངས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཏུང་ཅིང་གྲོང་ནགས་ཚལ་ཁུལ་གྱི་ནུབ་རྒྱུད་ཀྲང་ཀོང་ཚའེ་རི་རྒྱུད་ཀྱི་ཨར་ཀྲེན་ནགས་ར་གཉིས་པའི་ལས་སྒོ་སྒྲུབ་ཡུལ་དུ་དུས་ཡུན་ལོ་གཉིས་སོང་རྗེས་སླར་ཡང་བདག་ཏུ་མ་བཟུང་བའི་བྱང་ཤར་སྟག་གི་བརྙན་ཟློས་པར་ལེན་ཐུབ་ཡོད། དེ་དང་འདྲ་བར་ཏུང་ཅིང་གྲོང་ཅུས་ཀྱི་ཤར་རྒྱུད་ལའོ་ཡེ་རི་རྒྱུད་ས་ཁུལ་བྱང་ཤར་སྟག་དང་གསའ་ཡི་རྒྱལ་ཁབ་སྤྱི་གླིང་ཁུལ་གྱི་དོ་དམ་ས་ཚིགས་ཁུལ་དུའང་2018ལོའི་ཟླ་10ཚེས་22ཉིན་བདག་ཏུ་མ་བཟུང་བའི་བྱང་ཤར་སྟག་འགུལ་སྐྱོད་ཀྱི་རྗེས་ཤུལ་ཐོག་མར་ཐོན་ཡོད་པ་རེད།
        ཅུས་དེའི་ཐོན་ཁུངས་ཁོའོ་ཡི་ལས་མི་ཁྲེན་ཅུན་ལེང་གིས་འཆར་ཅན་ལྟར་པར་ཆས་ནང་གི་བརྙན་ཟློས་ལྟ་སྐབས་དམར་ཕྱིའི་འོད་ཀྱི་པར་ཆས་གཉིས་ནང་བདག་ཏུ་མ་བཟུང་བའི་བྱང་ཤར་སྟག་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་གསལ་པོར་ཐེབས་ཡོད་པ་དང་། པར་ཐེབས་པའི་དུས་ཚོད་ནི་2018ལོའི་ཟླ་10ཚེས་6ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་མ་31དང་ཆུ་ཚོད་7དང་སྐར་མ་43ལ་རེད་ཅེས་ངོ་སྤྲོད་བྱས།