འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ལུའེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བརྗོད་དོན་གཙོ་བོའི་གླུ་གཞས་ཡོངས་བསྒྲགས་ངང་བསྡུ་རུབ་བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱེད་པ། ལེགས་སྐྱེས་དང་། མཛའ་མཐུན། རོགས་རེས། ཡར་རྒྱས་བཅས་ཀྱི་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན། ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་དང་། ཀྲུང་གོ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་ཐུན་མོང་ཐོག་ལུའེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བརྗོད་དོན་གཙོ་བོའི་གླུ་གཞས་བསྡུ་རུབ་དང་བརྒྱུད་གཏོང་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཉེ་དུས་བྱེད་སྒོའི་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ་རྒྱལ་ནང་དུ་ལུའེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བརྗོད་དོན་གཙོ་བོའི་གླུ་གཞས་ཡོངས་བསྒྲགས་ངང་བསྡུ་རུབ་བྱ་རྒྱུ་རེད།
        སྤྱི་བསྒྲགས་ནང་གདམ་བྱའི་བརྩམས་ཆོས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུ་གང་ལེགས་མངོན་པ་དང་། ལེགས་སྐྱེས་དང་། མཛའ་མཐུན། རོགས་རེས། ཡར་རྒྱས་བཅས་ཀྱི་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན། དུས་རབས་ཀྱི་ཁྱད་ཆོས་དང་ཆུ་ཚད་མཐོ་བའི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་ལ་བརྒྱུད་གཏོང་བྱེད་བདེ་བ་བཅས་དགོས་པའི་བླང་བྱ་བཏོན་ཡོད།