འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་གཉིས་གཏོད་མི་སྣ་ཁྲི་40ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཁུལ་དུ་གསོན་ཤུགས་ཆེན་པོ་ལྡན་ཞིང་། ཞིང་ལས་གྲོང་གསེབ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཕ་ཡུལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱེད་མཁན་ཁྲི་740ཟིན་པ་དང་ཡུལ་དེ་གའི་ཞིང་པ་མིན་པའི་ལས་གཏོད་པ་ཁྲི་3140ཟིན་ཞིང་། འཕར་ཚད་ཚང་མ་གྲངས་གནས་གཉིས་ཙམ་རྒྱུན་འཁྱོངས་ཐུབ་པ་དང་། ཆ་སྙོམས་ལོ་ཚད་40ཟིན་པ་དང་མཐོ་རིམ་སློབ་འབྲིང་ཡན་གྱི་སློབ་རྒྱུས་ལྡན་མཁན་གྱིས་40%བཟུང་ཡོད་པ་རེད།
         2020ལོའི་ལོ་མཇུག་ཏུ་སླེབས་སྐབས། ཞིང་ལས་གྲོང་གསེབ་པུས་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་མི་སྣ་ཁྲི་40ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཤེས་ལྡན་མི་སྣ་བརྒྱ་སྟོང་ཁྲིའི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ཏེ་རྒྱལ་ཁབ་རིམ་པ་100དང་། ཞིང་ཆེན་རིམ་པ་1000 གྲོང་ཁྱེར་རིམ་པ་10000བཅས་ཀྱི་ཞིང་ལས་གསར་གཏོད་ལས་གཏོད་ཀྱི་མཛུབ་སྟོན་པ་གསོ་སྐྱོང་བྱ་རྒྱུ་དང་འབྲེལ། རྒྱལ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། དུས་ཡུན་ལོ་3ཙམ་ནང་། ལོ་ལྟར་ཚད་གཞི་མཐོ་བ་དང་། ཞབས་ཞུ་ལེགས་པ། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་སྟོན་རྟེན་གཞི་100བསྐྲུན་ཏེ། གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ལ་གཅིག་སྡུད་ཁུལ་མཁོ་འདོན་དང་ཕན་འབྲས་ཆེ་ཞིང་སྟབས་བདེ་བའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
        ཞིང་པའི་ལས་གཏོད་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་འགྲེམས་སྟོན་བྱ་ཆེད། འདི་ལོ་ཞིང་ལས་གྲོང་གསེབ་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་པ་གསར་པ་དང་ལག་རྩལ་གསར་པའི་ལས་གཏོད་གསར་གཏོད་ཀྱི་དངོས་མང་སྟོན་ཚོགས་ཟླ་11ཚེས་15ནས་18ཉིན་བར་ནན་ཅིང་དུ་འཚོག་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3.6ཟིན་པ་དང་འགྲེམས་ཞུགས་ཁེ་ལས་ཁྱོན་1200ལྷག་ཟིན་རྒྱུ་དང་། སྔོན་དཔག་ལྟར་ན། ལྟ་སྐོར་བ་མི་གྲངས་ཁྲི་6ལྷག་ལས་བརྒལ་རྒྱུ་ཡིན་པ་རེད།