འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།2018ལོའི་ཁྲེན་པོ་ཁྲུའེ་རྒྱལ་སྤྱིའི་བྱིས་པའི་རྩོམ་རིག་བྱ་དགའ་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 2018ལོའི་ཁྲེན་པོ་ཁྲུའེ་རྒྱལ་སྤྱིའི་བྱིས་པའི་རྩོམ་རིག་བྱ་དགའ་ཚེས་8ཉིན་ཧྲང་ཧའེ་རུ་སྤྲད་ཅིང་། 《ཤ་བ་དང་དུས་ཚིགས་དྲུག》སོགས་ཀྱི་བརྩམས་ཆོས་ཁག་15ལ་བྱ་དགའ་ཆེན་པོ་ཐོབ་པ་དང་། རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་ཀྲུའུ་ཞི་ཀྲང་མིང་ཀྲོའུ་ལ་དམིགས་བསལ་གྱི་ལེགས་སྐྱེས་བྱ་དགའ་ཐོབ་པ། ཧྥ་རན་སེའི་བྱིས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང་། སྒྱུ་རྩལ་མཁས་ཅན། འཁྲབ་སྟོན་པ་བཅས་ཡིན་པའི་ཨའར་ཝེ·ཏུའུ་ལའེ་ལ་ལོ་འཁོར་གྱི་རྩོམ་པ་པོའི་བྱ་དགའ་ཐོབ་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཁྲེན་པོ་ཁྲུའེ་རྒྱལ་སྤྱིའི་བྱིས་པའི་རྩོམ་རིག་བྱ་དགའི་དཔྱད་བསྡུར་བྱེད་སྒོ་འདི་ལོའི་ཟླ་གསུམ་པ་ནས་སྤེལ་ཚུན། རྒྱལ་ཁབ་ཕྱི་ནང་གི་བྱིས་པའི་དཔེ་དེབ་དཔེ་སྐྲུན་ཚན་པ་གཙོ་བོའི་དང་ལེན་ཐོབ་པ་དང་བརྩམས་ཆོས་འོས་སྦྱོར་གྱི་གྲངས་འབོར་ན་ནིང་དང་བསྡུར་ན་འཕར་ཚད་ཅུང་མཐོ་བ་ཡོད། དེའི་ཁྲོད་རྩོམ་ཡིག་རྐྱང་པ་144དང་། ཡི་གེ་དང་པར་རིས་འདྲེས་མ་རིགས་88 རྒྱལ་ཁབ་དང་ས་ཁུལ་28ཀྱི་རི་མོའི་དཔེ་དེབ་སྣ་ཁ་317བཅས་ཡོད་པ་རེད།
        ཁྲེན་པོ་ཁྲུའེ་རྒྱལ་སྤྱིའི་བྱིས་པའི་རྩོམ་རིག་བྱ་དགའ་དེ་ཀྲུང་གོའི་བྱིས་པའི་རྩོམ་རིག་གི་ཡིད་སྨོན་གུས་བཀུར་ཞུ་བའི་སྐུ་ཞབས་ཁྲེན་པོ་ཁྲུའེ་ཡིས་1981ལོར་བཙུགས་པའི་བྱིས་པའི་རྩོམ་རིག་དགེ་རྒན་གྱི་བྱ་དགའ་ཡིན།