འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།ཞིབ་འཇུག་གི་འབྲས་བུ་ལས་མངོན་པར་ཤང་ཀང་གི་སློབ་མའི་སྤྱི་སྐད་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་སྤྱི་སྐད་ཆུ་ཚད་ཀྱི་ཡིག་རྒྱུགས(GAPSK)ཨུ་ཡོན་ལྷན་ཁང་གཤམ་འོག་གི་སྐད་ཡིག་ཁྱབ་གདལ་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་འབྲས་བུ་ཞིག་ལས་མངོན་པར། ཤང་ཀང་དུ་སྤྱི་སྐད་སློབ་གསོ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་བསྟུན་ནས། ཤང་ཀང་གི་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་སྐད་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
        GAPSKསྐད་ཡིག་ཁྱབ་གདལ་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་རྣམ་གྲངས་ཀྱི་ཀྲུའུ་རེན་ཚའེ་ཤིན་མེན་གྱིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་ཞིབ་འཇུག་ལ་བྱིས་པ་དང་སློབ་མ་6000ཟུར་འཐེན་བྱས་ཡོད་པ་དང་། དེ་དག་ནི་2016སློབ་ལོ་དང་2017སློབ་ལོའི་GAPSKཡིག་རྒྱུགས་ལ་ཞུགས་མཁན་ཤང་ཀང་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡིན་པ་དང་། སློབ་མ་དེ་དག་གི་ཡིག་རྒྱུགས་གྲུབ་འབྲས་ལ་དབྱེ་ཞིབ་བྱས་ནས། ཤང་ཀང་གི་སློབ་མའི་སྤྱི་སྐད་ཆུ་ཚད་སྤྱི་ཡོངས་ཀྱི་གནས་ཚུལ་དང་འཕེལ་རྒྱས་འགྲོ་ཚུལ་ལ་ཕྱོགས་སྡོམ་བྱས་ཡོད་པ་རེད།
      གྲངས་གཞི་ལས་མངོན་པར། ཤང་ཀང་གི་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་GAPSKལ་ཞུགས་པའི་སློབ་གྲྭ་དང་སློབ་མའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་དང་། དེའི་ནང་བུ་བཅོལ་ཁང་གི་བྱིས་པ་མང་དུ་ཕྱིན་པ་མངོན་གསལ་དོད་པོ་ཡོད་པ་རེད།