འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་རླངས་འཁོར་འགྲེམས་སྟོན།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་རླངས་འཁོར་འགྲེམས་སྟོན།
           མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་11ཚེས་5ཉིན་ནས་ཚེས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཡོད་ཅིང་། 2Hརླངས་འཁོར་འགྲེམས་ཁང་དུ་འཇར་མན་དང་། རི་པིན་། ཨ་རི། ཧྥ་རན་སེ། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་50ལྷག་ནས་ཡོང་བའི་རླངས་འཁོར་དང་ལྷུ་ལག་ཆེ་ཆུང་གི་མཁོ་འདོན་ཚོང་པ་འགྲེམས་ཚོགས་ནང་ཞུགས་པས། རླངས་འཁོར་ཐོན་ལས་ཀྱི་གསར་གཏོད་དང་རིག་ནུས་ཅན་གྱི་འཕེལ་ཕྱོགས་དང་གྲུབ་འབྲས། དེ་བཞིན་རླངས་འཁོར་གྱི་སྣ་མང་ཅན་གྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་བཅས་མངོན་ཡོད།
         འགྲེམས་ཚོགས་ཐོག་སྔོན་ཐོན་གྱི་རང་འགུལ་ངང་ཁ་ལོ་སྒྱུར་བ་དང་། འཁོར་རིགས་དྲ་སྦྲེལ་ལག་རྩལ། མིས་བཟོས་རིག་ནུས་བཀོལ་སྤྱོད། ནུས་ཁུངས་གསར་པའི་རླངས་འཁོར། དེ་བས་སྔོན་ཐོན་གྱི་འཕུར་སྐྱོད་ཐུབ་པའི་རླངས་འཁོར་སོགས་ལ་དོ་ཁུར་ཆེན་པོ་ཐོབ་ཡོད། དེ་དང་དུས་མཚུངས་གྲགས་ཅན་གྱི་རླངས་འཁོར་མཁོ་འདོན་ཚོང་པས་དེང་དུས་ཀྱི་རླངས་འཁོར་ཐོན་ལས་ཀྱི་ཆེས་མཐོའི་ལྷུ་ལག་བཟོ་སྐྲུན་ལག་རྩལ་འགྲེམས་སྟོན་བྱས་ཡོད།
【1】  【2】  【3】  【4】  【5】
༄༅།།ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་རླངས་འཁོར་འགྲེམས་སྟོན།