འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ནང་སོག་གི་ལྗང་མདོག་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་ཚོང་འདུས་ཀོང་ཀྲོའུ་རུ་མཇུག་འགྲིལ་བ། 

གན་རྒྱ་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་13.2ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
             མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན“ནང་སོག་གི་བྲོ་བ་——ནང་སོག་གི་ལྗང་མདོག་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་ཚོང་འདུས”ཀོང་ཀྲོའུ་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་དང་གན་རྒྱ་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་13.2ཟིན་ཡོད།
          ད་ཐེངས་ཀྱི་འགྲེམས་སྟོན་ཚོང་འདུས་དུས་ཡུན་ཉིན་གསུམ་ཡིན་ཞིང་། དེས“བཀྲག་མདངས་འཚེར་བའི་ནང་སོག་དང་ལྗང་མདོག་གི་ཞིམ་ཟས”བརྗོད་དོན་གཙོ་བོར་བྱས་ནས་བཟའ་བཅའ་དང་བཏུང་བཅའི་འགྲེམས་སྟོན་དང་། དེ་བཞིན་བྲོ་བ་མྱོང་བ་དང་། ལྟ་བ། ཉན་པ། དཔྱད་ཞིབ། མཉམ་སྤྱོད་སོགས་ཀྱི་ཉམས་ལེན་དང་མཉམ་འགུལ་གྱི་བྱ་ཐབས་སྣ་ཚོགས་བརྒྱུད། ནང་སོག་གི་ཁྱད་ཆོས་ཟབ་མོ་མཚོན་པའི་རིག་གནས་དང་། ཐུན་མོང་མིན་པའི་མི་རིགས་ཀྱི་ཉམས་འགྱུར། ལྗང་མདོག་རང་བྱུང་གི་ཟས་ཞིམ་བཅས་དྲིལ་བསྒྲགས་འགྲེམས་སྟོན་དང་ཁྱབ་སྤེལ་བྱས་ཡོད།
         ད་ཐེངས་ཀྱི་ཚོང་འདུས་ཐོག་གན་རྒྱ་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་13.2ཟིན་པ་དང་། འགོ་ཚུགས་མཛད་སྒོའི་ཉིན་མོ་ཕུད་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁེ་ལས་16དང་ལྗོངས་ཕྱིའི་ཁེ་ལས་20དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་7.548ཟིན་པ། ཚོང་འདུས་ཀྱི་ཉིན་གསུམ་རིང་གྲོང་ཁྱེར་12ཀྱི་ཁེ་ལས་246གིས་ས་གནས་ས་ཐོག་ཏུ་ཉོ་ཚོང་མཉམ་ལས་ཀྱི་འདོད་འདུན་གན་འཇོག་མ་དངུལ་སྒོར་དུང་ཕྱུར་5.7248ཟིན་པ་དང་། ས་གནས་ས་ཐོག་ཏུ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་243.8ཟིན་པ་དེ་བཟའ་སྣུམ་དང་། ལུག་ཤ མོག་རོ། ཞོག་ཁོག་སོགས་ཞིང་འབྲོག་ཐོན་རྫས་བཙོངས་པ་ལས་བྱུང་ཡོད།
        ད་ཐེངས་ཀྱི་འགྲེམས་སྟོན་ཚོང་འདུས་ནི་ནང་སོག་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། ནང་སོག་རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཐིང་། ནང་སོག་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། ནང་སོག་རང་སྐྱོང་ལྗོངས་རིག་གནས་ཐིང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་11300ཟིན་པ། དེའི་ནང་ནང་སོག་གི་ལྗང་མདོག་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་དང་། རིག་གནས་ཡུལ་སྐོར་ཕྱོགས་བསྡུས་འགྲེམས་སྟོན། ཞིམ་ཟས་མྱོང་རོལ་འགྲེམས་སྟོན། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་འོས་སྦྱོར། ཉོ་མཁན་དང་ཁེ་ལས་དབར་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་གྲོས་མོལ་སོགས་ཀྱི་ནང་དོན་མང་པོ་ཚུད་ཡོད་པ་རེད།
        བྱེད་སྒོ་སྤེལ་ཡུལ་དུ་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཁག་12ཚན་པར་བྱས་ནས་འགྲེམས་ཁུལ་ཁག་12བཀོད་སྒྲིག་བྱས་པ་དང་། འགྲེམས་ཁུལ་ཚང་མས་ནང་སོག་གི་གྲོང་ཁྱེར་ཁག་གི་རིག་གནས་ཀྱི་ཁྱད་ཆོས་དང་ཉམས་འགྱུར་གཙོ་བོར་འགྲེམས་སྟོན་བྱས་པ་མ་ཟད། གཞན་ཡང་ཁུ་ལུ་དང་། བལ། རྔ་མོང་གི་ཁུ་ལུ་བཅས་ཀྱི་ཐོན་རྫས་སྤུས་དག་གི་འགྲེམས་ཁུལ་ཡང་བཀོད་སྒྲིག་བྱས་ཡོད། ནང་སོག་གིས་ད་དུང་ཤིས་ལིང་ཀོ་ལེ་ཡི་ལུག་ཤ་དང་། ཁོར་ཆིན་གྱི་ཚགས་ཤ ཝུ་ལན་ཁྲ་པུའི་ཞོག་ཁོག ཧོ་ཐའོ་ཡི་གྲོ། ནང་སོག་གི་འབྲུ་རིགས་དཀྱུས་མ། ཧོ་ཐའོ་ཡི་ཀཱ་ཙེ་སོགས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཆེན་པོ་6གཙོ་གནད་དྲིལ་བསྒྲགས་འོས་སྦྱོར་བྱས་པ་དང་འབྲེལ། ཐོན་ལས་གཙོ་བོའི་ཁྲོད་ནས་སྣེ་འདྲེན་ཁེ་ལས་2ནས་3བར་བདམས་ཏེ་ཐོན་རྫས་གཙོ་བོར་བྱས་ནས་འོས་སྦྱོར་བྱས་པར་ལེགས་ཆའི་ཐོན་ཁུལ་དང་སྤུས་ལེགས་ཁྲོམ་རའི་དབར་འབྲེལ་མཐུད་ཡག་པོ་ཐུབ་པ་རེད།