འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།མི་སེར་ཚོར་རྒྱལ་ཁབ་ཁག་གི་ཞིམ་ཟས་མྱོང་རོལ་བྱེད་དུ་བཅུག 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། བཟའ་བཅའི་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དོ་ཁུར་བྱེད་པའི་ནང་དོན་ཞིག་རེད། ཟླ་11ཚེས་6ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་གཞུང་ཕྱོགས་ཀྱི་ལེ་ལག་བྱེད་སྒོའི་གྲས་ཀྱི་ངོས་ནས། “རྒྱུད་གཅིག་ལམ་གཅིག”གི་སྣོད་བཅུད་ཞིང་ལས་དང་བཟའ་བཅའི་བདེ་འཇགས་གླེང་སྟེགས་ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས“ཚད་གཞི་ནི་བཟའ་བཅའི་བདེ་འཇགས་ཀྱི་རྨང་གཞིའི་འདེགས་སྐྱོར་དང་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན་པས། ང་ཚོས་རྒྱལ་སྤྱིའི་ཉམས་མྱོང་ལ་དཔེ་བལྟས་ནས་ཆེས་ནན་ཤོས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་རྒྱུ་ཡིན”ཞེས་བརྗོད།
          རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་གླེང་སྟེགས་མཉམ་དུ་གཉེར་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ལམ་ལོ་ཤས་རིང་། རང་རྒྱལ་གྱིས་བཟའ་བཅའི་བདེ་འཇགས་ཁག་ཐེག་5000གཙང་བཤེར་བསྡུ་སྒྲིལ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞི་1224ཡོངས་བསྒྲགས་བྱས་པས། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་སྐྲུན་པའི་ཐད་ཡར་རྒྱས་ཅུང་ཆེན་པོ་བྱུང་ཡོད་པ་རེད།