འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་གྲོལ་བ། 

པུ་རུ་སེར་དུ་ཀྲུང་གོའི་མི་རིགས་གླུ་གར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་དགོང་མོར། པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་གྲོལ་བའི་འཁྲབ་སྟོན་བྱས་ཤིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འཁྲབ་སྟོན་ཚོགས་པས་ལྟད་མོ་བར་མི་རིགས་གླུ་གར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།
         སོག་རིགས་དང་། དབྱིས་རིགས། ཁྲའོ་ཤན་རིགས། བོད་རིགས། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་གླུ་གར་རེས་མོས་སུ་འཁྲབ་སྟོན་བྱས་ཁར། གར་སྟེགས་ཐོག་གི་མཛེས་རྩལ་དང་གློག་འོད་ཕན་ཚུན་རམ་འདེགས་ཡག་པོ་བྱས་པས་ལྟད་མོ་བའི་ཡིད་ཀྱི་བརྟན་པ་འཕྲོག་པ་རེད།