འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།ས་མཐོའི“རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཁང”གིས་བོད་རིགས་ས་ཁུལ་གྱི་ནད་པར་ཞབས་འདེགས་ཞུ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་མཐོའི“རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཁང”གིས་བོད་རིགས་ས་ཁུལ་གྱི་ནད་པར་ཞབས་འདེགས་ཞུ་བ།
     སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་མི་དམངས་སྨན་ཁང་གི་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཁང་ནི་2016ལོར་བཙུགས་ཤིང་། ལོ་ཤས་རིང་། ནད་དཔྱད་ཁང་དེས་དཀར་མཛེས་ཀྲོའུ་མི་དམངས་སྨན་ཁང་གི་སྨན་པ་དང་མཉམ་དུ་ནད་པའི་སྨན་བཅོས་དང་སྨན་བསྟེན་སྟངས་སོགས་ཀྱི་ཐག་གཅོད་ཇུས་གཞིར་རྒྱང་ཁྲིད་སྤེལ་རེས་བྱས་པས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་སོང་བ་མ་ཟད། ནད་པས་སྨན་པ་བསྟེན་པའི་དུས་ཚོད་དང་ལམ་གྲོན་སོགས་གྲོན་ཆུང་ཐུབ་ཡོད་པ་རེད། མིག་སྔ་བར། རོང་བྲག་རྫོང་མི་དམངས་སྨན་ཁང་གིས་ནད་པ་43ལ་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་བྱས་ཤིང་། འདི་ནི་སྨན་ཁང་དེའི་སྨན་དོན་མི་སྣས་དཀར་མཛེས་ཀྲོའུ་མི་དམངས་སྨན་ཁང་གི་སྨན་པ་དང་མཉམ་དུ་ནད་པའི་ནད་གཞིར་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་བྱེད་བཞིན་པ།