འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགྲེམས་ཁང་ལ་བཅར་འདྲིར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ཁ་ན་ཏ།
ཁ་ན་ཏ།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། མི་དམངས་དྲ་བའི་གསར་འགོད་པས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཚོང་དོན་མ་འཇོག་གི་ཕྱོགས་བསྡུས་འགྲེམས་རྭར་བཅའ་འདྲིར་བསྐྱོད་པ་ཡིན།
          ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་འགྲེམས་སྟོན་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྱོན་རྒྱལ་ཁབ་82དང་རྒྱལ་སྤྱིའི་རྩ་འཛུགས་3གྱིས་འགྲེམས་སྟེགས་71བཙུགས་ཡོད་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3ཙམ་ཡོད། ཧིན་རྡུ་ཉི་ཞི་ཡ་དང་། ཝེ་ཐེ་ནམ། ཕ་ཁི་སེ་ཐན། ལྷོ་ཨ་ཧྥེ་རི་ཁ། ཨེ་ཅིབ། ཨུ་རུ་སུ། དབྱིན་ཇི། ཧང་ག་རི། འཇར་མན། ཁ་ན་ཏ། པར་ཙིར། མོ་ཞི་ཁོ་སོགས་རྒྱལ་ཁབ་12ལས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་གྲུབ་ཡོད།
【1】  【2】  【3】  【4】  【5】  【6】
སོ་ཏི་ཨ་རབ།
སོ་ཏི་ཨ་རབ།
ཁེན་ནི་ཡ།
ཁེན་ནི་ཡ།