འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།2018ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བྱེད་སྒོ་ཤིན་ཅང་དུ་སྤེལ་བ། 

འདོད་མཐུན་གན་རྒྱ་བཞག་པའི་སྒོར་དུང་ཕྱུར་11.78ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན“2018ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཀྱི་ཤིན་ཅང་ས་ཚིགས(ཀྲུང་གོའི་ཉོ་སྒྲུབ་ཚོང་པའི་ཐེན་ཧྲན་བྱ་སྤྱོད)ཀྱི་བྱེད་སྒོ”ཤིན་ཅང་གཡོད་ཕུ་ཧུ་རྫོང་དུ་གཉེར་ནས་ས་གནས་ས་ཐོག་ཏུ་སྒོར་ཁྲི་5090ཟིན་པའི་འདོད་མཐུན་མངགས་ཐོར་མིང་རྟགས་བཀོད་པ་རེད། དེར་བསྟུན། “2018ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཀྱི་ཤིན་ཅང་ས་ཚིགས”ཀྱི་བྱེད་སྒོ་ཉིན་6སྤེལ་མཐར་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་། ཧོ་ཐན་དང་། ཁཱ་ཧྲི། གཡོད་ཕུ་ཧུ་རྫོང་བཅས་ས་ཚིགས་གསུམ་དུ་སྒོར་དུང་ཕྱུར་11.78ཟིན་པའི་འདོད་མཐུན་གན་འཇོག་ལ་མིང་རྟགས་བཀོད་པ་རེད།
         ཀྲུང་གོའི་སྔོ་ཚལ་འཁོར་རྒྱུག་མཐུན་ཚོགས་དང་། ཀྲུང་གོའི་ཤིང་ཏོག་སྐམ་པོ་འཁོར་རྒྱུག་མཐུན་ཚོགས། ཅང་སུའུ་ཞིང་ཆེན་སྔོ་ཚལ་མཐུན་ཚོགས་སོགས་དང་དེ་བཞིན་ཚོགས་མིའི་ཁེ་ལས་60ལྷག་ཙམ་ཐུན་མོང་ཐོག་ཞུགས་པར་བརྟེན་འབྲེལ་མཐུད་བྱེད་སྒོའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཧོ་ཐན་དང་། ཁཱ་ཧྲི། གཡོད་ཕུ་ཧུ་བཅས་ས་ཚིགས་གསུམ་གྱི་འདོད་མཐུན་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་5.8དང་། སྒོར་དུང་ཕྱུར་5.48སྒོར་ཁྲི་5090བཅས་སོ་སོར་ཟིན་པ་དང་། ཐོན་ཟོག་ཐད་དུ་ཤིང་ཏོག་དང་དེའི་ཐོན་་རྫས། སྦྲང་རྩི། ཚགས་ཤ་དང་ལུག་ཤ་སོགས་ཡོད་པ་རེད།