འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།“ཀྲུང་གོའི་བྲག་ཕུག་དང་པོ”ཉམས་གསོའི་འཕེལ་རིམ་བདེ་བླག་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཝུའུ་ཝུའེ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ལག་ལེན་བསྟར་འགོ་ཚུགས་པའི་ཐེན་ཐི་ཧྲན་བྲག་ཕུག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཞིག་གསོའི་ལས་གྲྭའི་བྲག་ངོས་བརྟན་དུ་གཏོང་བ་དང་ལྡེབས་རིས་གནས་སྤོའི་གྲངས་འཛིན་ཅན་གྱི་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་འབྲེལ། ལྡེབས་རིས་དང་འཇིམ་སྐུ་གནས་སྤོའི་ཉམས་བཟོའི་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།
         ཐེན་ཐི་ཧྲན་བྲག་ཕུག་ནི་ལོ་ངོ་1600ལྷག་ཙམ་གོང་བྲུས་ཤིང་། དེ་ནི་ལུང་མོན་དང་ཡུན་ཀང་སོགས་བྲག་ཕུག་ལས་སྔ་བས“ཀྲུང་གོའི་བྲག་ཕུག་དང་པོ”ཞེས་སུ་གྲགས།
        ཐེན་ཐི་ཧྲན་བྲག་ཕུག་གི་རི་ངོས་ཀྱི་གྲུབ་ཆ་དམིགས་བསལ་ལྡན་པ་དང་། མདོག་ཁམ་དམར་གྱི་བྱེ་མ་དང་རྡོ་ཧྲུག་གི་བྲག་ངོས་གས་སླ་བ་དང་གོག་སླ་བས། ཉམས་གསོ་ཅུང་བྱེད་ཁག་པོ་ཡོད་པ་རེད། ཝུའུ་ཝུའེ་གྲོང་ཁྱེར་ལེང་ཀྲོའུ་ཆུས་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེན་ཧུའུ་ཉན་གྱིས་སྲུང་སྐྱོང་མི་སྣས་གཏིང་རྡོ་བརྟན་དུ་གཏོང་བ་དང་སྲུབས་ཀར་ཨར་འདམ་རྒྱོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་བྲག་ངོས་དང་རི་ངོས་ཀྱི་གྲུབ་ཆ་བརྟན་དུ་བཏང་ཞིང་། གཏིང་རྡོའི་གཏིང་ཟབ་ཤོས་སྨི་30ཟིན་པ་དང་། བརྟན་གཏོང་རྒྱུ་ཆ་ཚང་མ་བུལ་མེད་རྒྱུ་ཆ་རེད་ཅེས་ངོ་སྤྲོད་བྱས།
       ད་ཐེངས་ཀྱི་ཉམས་གསོའི་རིག་དངོས་ནང་ལྡེབས་རིས་སྨི་ངོས་གྲུ་300དང་། འཇིམ་སྐུ་22 སྐུ་བརྙན་གྱི་དབུ་9བཅས་ཡོད། མིག་སྔར། ཉམས་གསོའི་མི་སྣས་སྨི་ངོས་གྲུ་200ཟིན་པའི་ལྡེབས་རིས་སོགས་ཀྱི་རིག་དངོས་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་ཟིན་པ་དང་། སྔོན་དཔག་ལྟར་ན་2020ལོར་ཉམས་གསོའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།