འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།རྫ་ཆུའམ་མའེ་ཀུང་གཙང་པོ། སྔོན་ཆད་ཀྱི་འདྲེ་ཡི་འགག་སྒོ་ད་ཆར་གསེར་གྱི་ཆུ་ལམ་ལ་གྱུར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྫ་ཆུའམ་མའེ་ཀུང་གཙང་པོ། སྔོན་ཆད་ཀྱི་འདྲེ་ཡི་འགག་སྒོ་ད་ཆར་གསེར་གྱི་ཆུ་ལམ་ལ་གྱུར་བ།
     མི་དམངས་དྲ་བའི་འཕྲིན། གཙང་བོ་འདི་འདྲ་ཞིག་ཡོད་དེ། དེ་ནི་མཚོ་བོད་མཐོ་སྒང་གི་རི་བོ་གདང་ལ་ནས་ཐོན་ཞིང་། ཀྲུང་གོའི་མངའ་ཁོངས་ཀྱི་མཚོ་སྔོན་དང་བོད་ལྗོངས། ཡུན་ནན་ཞིང་ཆེན་གསུམ་བརྒྱུད་དེ། འབར་མ་དང་ལོ་སི། ཐེ་ལན། ཇན་ཕུའུ་ཀྲའེ། ཡོ་ནན་བཅས་རྒྱལ་ཁབ་ལྔ་ལ་བཞུར་ཞིང་། ཨེ་ཤེ་ཡ་གླིང་གི་གཙང་པོ་གཅིག་རྒྱལ་ཁབ་དྲུག་ལ་འབྲེལ་བའི་རྒྱལ་སྤྱིའི་གཙང་པོ་གཅིག་པུ་སྟེ། དེ་ནི་རྫ་ཆུའམ་མའེ་ཀུང་གཙང་པོ་རེད། སྔོན་ཆད་དུས་སྐབས་ཤིག་རིང་ལ། གནས་འདིའི་རྒྱལ་ཁབ་བརྒལ་བའི་ཉེས་བཟོ་དང་། དུག་རྫས་སོགས་ཀྱི་གནད་དོན་གྱིས་མི་སེམས་འཁྲུག་པར་བྱས་ཡོད། ཁྱོན་ཡོངས་ནས་མཚོ་འགྲུལ་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆེད། མའེ་ཀུང་གཙང་པོ་རྒྱུད་ཀྱི་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་དེ་མཉམ་འབྲེལ་སྐོར་ཞིབ་ནས་ཕྱོགས་བསྡུས་ཀྱི་ཁྲིམས་བསྟར་མཉམ་ལས་རྣམ་པར་གྱུར་ཡོད་ཅིང་། སྣ་གཅིག་མཉམ་ལས་ཀྱི་ཁྱབ་ཁོངས་ནས་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བ་དང་། མི་བསླུས་འཚོང་བྱེད་པ། དྲ་རྒྱའི་ཉེས་བཟོ་སོགས་ལ་རྡུང་རྡེག་བྱེད་པའི་མཉམ་ལས་ཁྱབ་ཁོངས་གསར་པར་རྒྱ་བསྐྱེད་ཡོད། ད་ཆར། "གསེར་གྱི་ཆུ་ལམ"ལ་ཡང་བསྐྱར་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་མངོན་ཡོད།