འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན། ཧིན་རྡུ་ཉི་ཞི་ཡའི་ཅའ་ལ་ཧོང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི་ཁོངས་མིས་འགྲུལ་སྐྱེལ་གནམ་གྲུའི་ཆག་རོའི་འགྲམ་དུ་ལངས་ནས་ཡོད་ཅིང་། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་29ཉིན་གྱི་ཆུ་ཚོད་6དང་སྐར་མ་20ཡི་ཐོག་ཧིན་རྡུ་ཉི་ཞི་ལའི་སེང་གེ་མཁའ་འགྲུལ་ཀུང་སིའི་ཅ་ཁར་ཐ་ནས་པང་ཅ་ཝུ་ལི་ཏུང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་པིན་སྒང་ལ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་འཕུར་ནས་སྐར་མ་13རྗེས་ས་ངོས་དང་འབྲེལ་བ་ཆད་ནས། རྗེས་སུ་ཅ་ཁར་ཐའི་བྱང་ཤར་མཚོ་ངོགས་དང་བར་ཐག་སྤྱི་ལེ་15ཙམ་ཡོད་པའི་ཀོའོ་ཝ་རྒྱ་མཚོའི་མཚོ་ཁོངས་སུ་ལྷུང་བ་གཏན་འཁེལ་བྱས་ཡོད་པ་དང་། འགྲུལ་པ་181དང་གནམ་གྲུའི་ལས་དོན་མི་སྣ་8ཚང་མ་རྐྱེན་ལམ་དུ་ཤོར་ཡོད།
【1】  【2】  【3】  【4】  【5】
ཉེ་ཆར། སུའེ་ཙེར་གྱི་ལཱ་བོར་སྐས་ཞིང་ལྟར་གྱི་རྒུན་འབྲུམ་ར་བའི་སྟོན་ཉམས་ཀྱི་ཡུལ་ལྗོངས་རི་མོ་བཞིན་མཛེས། 
ཉེ་ཆར། སུའེ་ཙེར་གྱི་ལཱ་བོར་སྐས་ཞིང་ལྟར་གྱི་རྒུན་འབྲུམ་ར་བའི་སྟོན་ཉམས་ཀྱི་ཡུལ་ལྗོངས་རི་མོ་བཞིན་མཛེས།