འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།ཧྥུའུ་ཅན་ཞིང་ཆེན་གནད་དོན་རྩད་ཞིབ་དང་གནད་སྨིན་དབུལ་སྐྱོར་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          2018ལོ་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུད་ཚང་དུ་བསྐྱོད་པ་དང་། ཆེད་དོན་ལྟ་སྐུལ་ཞིབ་བཤེར། སྐོར་ཞིབ་ལྟ་སྐུལ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོར་བསྐྱོད་ནས་དབུལ་སྐྱོར་ཁྱབ་ཁོངས་སུ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཚུལ་དང་། མ་དངུལ་བེད་སྤྱོད་ཚུལ། རྣམ་གྲངས་དོན་འཁྱོལ་བྱས་ཚུལ་སོགས་ལ་གནད་སྨིན་ལྟ་སྐུལ་བྱས་ཏེ་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་ཆེད་དོན་མ་དངུལ་བཀག་ཉར་དང་། འཐེན་སྤྱོད། གཞན་བཀོལ་སོགས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།