འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པ་སི་ཁྲོན་དུ་བསྐྱོད་ནས“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པ་སི་ཁྲོན་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས། གཙོ་བོ་སི་ཁྲོན་ཞིང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་དོན་བཀོད་སྒྲིག་དང་སྐུལ་འདེད་གཏོང་ཚུལ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་དག་ཐེར་འགན་འཁྲི་དོན་འཁྱོལ་དང་ལས་དོན་ལ་སྐུལ་འདེད་གཏོང་ཚུལ། ས་གནས་དང་གྲོང་ཁྱེར་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དག་ཐེར་ལས་དོན་ཞིབ་ཕྲ་ལག་བསྟར་བྱས་ཚུལ་བཅས་ལ་ལྟ་བཤེར་བྱ་རྒྱུ་རེད།
         དེ་ཉིན་ཁྲེང་ཏུར་འཚོགས་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པ་སི་ཁྲོན་དུ་བསྐྱོད་ནས་སི་ཁྲོན་ཞིང་ཆེན་དུ་སྤེལ་བའི“ཕྱིར་མིག་ལྟ་བའི”ལས་དོན་སྐུལ་སློང་ཚོགས་འདུའི་ཐོག་ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཧོང་ལུང་ཡུན་གྱིས་ད་ཐེངས“ཕྱིར་མིག་ལྟ་བའི”ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མདོ་གནད་དང་གཙོ་གནད་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་གནད་སྨིན་གཏིང་ཟབ་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ“བརྒྱ་དཔེ་གཅིག་ཁེབས”ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         “ཕྱིར་མིག་ལྟ་བའི”ལས་དོན་གྱི་བཀོད་སྒྲིག་ལ་གཞིགས་ནས་ལྟ་བཤེར་ཚོགས་ཆུང་གིས་ལྟ་བཤེར་དང་དག་ཐེར་བྱེད་ཤུགས་མི་འདང་བ་དང་ཐ་ན་ཕྱི་ཚུལ་ཙམ་གྱིས་དག་ཐེར་བྱེད་པ་དང་། དག་ཐེར་བྱེད་ཁུལ་བྱེད་པ། ཁྲལ་སེལ་སླ་བཅོས་ཀྱིས་དག་ཐེར་བྱེད་པ། “བརྒྱ་དཔེ་གཅིག་ཁེབས”སོགས་སྣོད་བཅུད་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་རྒྱུ་དང་འབྲེལ། ལྟ་བཤེར་དག་ཐེར་ཇུས་གཞིའི་ནང་བཏོན་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གལ་ཆེན་དང་དེར་ཞིབ་བཤེར་ཐག་གཅོད་དང་དག་ཐེར་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་འབྲེལ་བ་ཟབ་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་འཕྲལ་མར་ལག་བསྟར་དང་འཕྲལ་མར་ལེགས་བཅོས་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། ས་གནས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། གནས་གཅིག་འགན་གཉིས། ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་བཤེར་བྱ་རྒྱུ་བཅས་རེད།
          བཀོད་སྒྲིག་གཞིར་བཟུང་། ད་ཐེངས་ལྟ་བཤེར་ཚོགས་ཆུང་སི་ཁྲོན་དུ་ཟླ་བ་གཅིག་བཅའ་སྡོད་བྱ་རྒྱུ་ཡིན་ཞིང་། བཅའ་སྡོད་དུས་ཚོད་ནི(2018ལོའི་ཟླ་11ཚེས་3ཉིན་ནས་ཟླ་12ཚེས་3ཉིན་བར) ཡིན་པ་དང་། ཆེད་མངགས་སྡོད་བྱའི་ཁ་པར(028-62612369)དང་ཆེད་དོན་སྦྲག་སྒམ(ཁྲེང་ཏུའུ་གྲོང་ཁྱེར་སྦྲག་སྒམ་ཨང་རྟགས་A63)བཙུགས་པ་དང་ཐེར་འདོན་ཁ་པར་ལེན་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་8པ་ནས་ཆུ་ཚོད་20པའི་བར་ཡིན་པ་རེད།