འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།ཨན་ཧུའེ་ཡིས་ནག་སེལ་གཤེད་བཅོམ་བྱ་སྤྱོད་སྤེལ་ནས་ནག་འབྲེལ་རྩ་འཛུགས་53རྩ་གཏོར་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧོ་ཧྥེ་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན། གསར་འགོད་པར་ཨན་ཧུའེ་ཞིང་ཆེན་གྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་དགུ་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཨན་ཧུའེ་ཡི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅིང་། མིག་སྔའི་བར། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་འབྲེལ་རྩ་འཛུགས་53དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་279རྩ་གཏོར་བཏང་བ་དང་། ཉེས་དོན་གྱོད་གཞི་2617ལྷག་ཙམ་རྩད་ཆོད་པ། ཞིང་ཆེན་ཡོངས་ཀྱི་ཉེས་དོན་གྱོད་དོན་ཐོ་འགོད་བྱེད་གྲངས་དུས་མཚུངས་ལས་10.1%ཆག་པ། རིགས་བརྒྱད་ཀྱི་གཏུམ་སྤྱོད་ཉེས་གསོག་གྱོད་གཞི་དུས་མཚུངས་ལས་16.2%ཆག་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་96.6%ཟིན་གྱི་ཡོད་པ་བཅས་རེད།
         ནག་སེལ་གཤེད་བཅོམ་བྱ་སྤྱོད་སྤེལ་རིང་། ཨན་ཧུའེ་ཡིས་བྱ་ཐབས་ནན་པོ་སྤྱད་དེ་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་ཡོད། ཆེད་དོན་གྱོད་གཞི་སྣེ་འདྲེན་དུ་བྱས་ནས་རྡུང་རྡེག་དང་གནད་དོན་ལ་དམིགས་ནས་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཨན་ཧུའེ་ཞིང་ཨུད་ཀྱི་ཡིག་ཆའི་ནང་ཁ་གསལ་བསྟན་པའི་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་བྱེད་པ་དང་། ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཡུལ་དུ་བཙན་པོ་དབང་ཡོད་ཤོད་པ། གཡོ་འཚོང་ཧམ་གཉེར་བྱེད་པ། ཁྲིམས་དང་མི་མཐུན་པར་སྐྱེད་ཆེའི་དངུལ་བུན་གཏོང་བ་སོགས་རིགས་13གྱི་ནག་གཤེད་ཕྱོགས་གཏོགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་ཚ་ནན་བཏང་བ་རེད། མིག་སྔའི་བར། ནག་གཤེད་དང་འབྲེལ་བའི་གྱོད་གཞི་ཁྱོན་587དང་འབྲེལ་བ་ཡོད་པའི་མི་1799འཛིན་རྒྱུར་ཆོག་མཆན་སྤྲད་པ་དང་ནག་གཤེད་དང་འབྲེལ་བའི་གྱོད་གཞི་316དང་འབྲེལ་བ་ཡོད་པའི་མི་1856ཁྲིམས་ལ་སྦྱར་བ་རེད། རིམ་ཁག་ཁྲིམས་ཁང་གི་འདྲི་གཅོད་དང་པོས་ནག་གཤེད་དང་འབྲེལ་བའི་གྱོད་གཞི་70འདྲི་གཅོད་བྱེད་མཇུག་བསྒྲིལ་བ་ལས་ཁྲིམས་སྐྱོང་གི་དབང་གྲགས་མངོན་ལ་ནག་གཤེད་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་པའི་མི་དམངས་མང་ཚོགས་ཀྱི་གདེང་ཚོད་ཀྱང་ཆེ་རུ་སོང་བ་རེད།
        ནག་སེལ་གཤེད་བཅོམ་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག ཨན་ཧུའེ་ཡིས་ད་དུང་ནག་གཤེད་ཕྱོགས་གཏོགས་ལ་འགེབས་སྲུང་བྱེད་མཁན་ཡང་རྩད་གཅོད་མཐའ་གསལ་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཆེད་དོན་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ཆེད་དོན་ཚོགས་ཆུང་གི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཐབས་ལམ་མང་པོ་བརྒྱུད་གནོན་ཤུགས་སྤྲོད་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཐག་གཅོད་བྱས་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་རེ་རེ་བཞིན་འདེམས་སྒྲུག་དང་རྩད་གཅོད་མཐའ་གསལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ནག་གཤེད་ཕྱོགས་གཏོགས་ལ་འགེབས་སྲུང་བྱེད་མཁན་དང་རུལ་སུངས་པ་དམར་འདོན་བཅས་ལ་བརྟེན་ནས་ནག་སེལ་གཤེད་བཅོམ་ལས་འགན་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།