འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་དང་འབྲེལ་བའི་ཀྲུང་དབྱང་ཁེ་ལས་ཀྱི་རྣམ་གྲངས་3100ལྷག་ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུང་ཅེ་མིང་གིས་གཞུང་རྒྱུ་ཨུ་ལྷན་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན།
          འདས་ཟིན་པའི་ལོ་5ཡི་རིང་ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ།
         ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་པའི་ཐོན་ཁུངས་གསར་སྤེལ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མ་འཇོག་རྣམ་གྲངས་དང་ལས་གྲྭ་3116གི་འགན་འཁུར་ཡོད།
         བསྡོམས་རྩིས་ལས་མངོན་པར། མིག་སྔར་ཀྲུང་དབྱང་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཡན་ལག་སྒྲིག་གཞིའི་ས་གནས་དེའི་ལས་མི་85%ཟིན་པ་དང་། ཁེ་ལས་མི་ཉུང་བ་ཞིག་གི་ས་གནས་དེའི་ལས་མི་90%ཡན་ཡོད་པ།
        ཉིན་དེར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ།
        2017ལོའི་ལོ་མཇུག་བར།
        ●ཀྲུང་དབྱང་ཁེ་ལས་ཀྱི་མངའ་ཁོངས་ཕྱིའི་ཚན་པ་10791
        ●དེ་དག་རྒྱལ་ཁབ་དང་ས་ཁུལ་185རུ་ཁྱབ་ཡོད།
        ●མངའ་ཁོངས་ཕྱིའི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7ལྷག་ཟིན་པ། 
        ●ལོ་ཧྲིལ་པོའི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4.7ཟིན་པ།
        ●ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་1064ཟིན་ཡོད།