འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་4ཉིན།

༄༅།།སའེ་པན་གྱིས་གེགས་རྗེས་བསྐྱར་སྐྲུན་ཧུར་ཐག་བྱས་ནས་ཀྲུང་གོའི་ཡུལ་སྐོར་བ་ཡོང་རྒྱུའི་རེ་སྒུག་བྱེད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉིན་ཤས་གོང་། བྱང་མ་ལི་ཡ་ན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཏུའུ་ལ་ཨེར་ཧྥུ·ཐུའོ་ལི་སིས། གང་མྱུར་འགྲོ་ལམ་གཤོང་བ་དང་ཉམས་བཟོ་བྱས་ཏེ་ཆུ་གློག་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ་ཡུལ་མི་རྣམས་འཚོ་བ་རྒྱུན་གཏན་ངང་སྐྱེལ་ཐུབ་པར་བྱ་རྒྱུ་ཡིན། སའེ་པན་རྒྱལ་སྤྱིའི་གནམ་ཐང་དུ་སྔོན་དཔག་ལྟར་ན་ཟླ་11ཚེས་15ཉིན་ཁྱོན་ཡོངས་ནས་མཁའ་འགྲུལ་སླར་གསོ་ཐུབ་རྒྱུ་རེད། གེགས་ཁུལ་སླར་གསོ་བྱས་རྗེས་སའེ་པན་དུ་ཀྲུང་གོ་དང་འཛམ་གླིང་ཡུལ་གྲུ་ཁག་གི་འགྲུལ་པ་བསྐྱར་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་ཅིང་།
     འདི་ནི་གླིང་ཆེན་ཨ་མེ་རི་ཁར་གཏོགས་པའི་བྱང་མ་ལི་ཡ་ན་རྒྱལ་ཕྲན་མཉམ་འབྲེལ་གནས་ཡུལ་སའེ་པན་དུ་ལས་དོན་མི་སྣས་གློག་ཤུགས་ཀྱི་མ་ལག་ལ་ཉམས་བཟོ་བྱེད་བཞིན་པ།