འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།ཕ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཕ་ཁི་སི་ཐན་གྱི་བཟོ་ཚོང་ལས་རིགས་
ལ་གོ་སྐབས་བསྐྲུན་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཕ་ཁི་སི་ཐན་གྱི་ཙུང་ལིའི་བློ་འདྲི་བ་ཨ་པུའུ་ཏུའུ་ལེ་·ལ་ཀྲ་ཁེ་·ཏ་ཝུའུ་ཏེས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཕ་ཁི་སི་ཐན་གྱི་བཟོ་ཚོང་ལས་རིགས་ལ་གོ་སྐབས་བསྐྲུན་རྒྱུ་ཡིན་པས་ཕ་ཁི་སི་ཐན་ལ་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཚོང་ལས་དང་། འཁེལ་འཐག་ལས་རིགས། བཟོ་ལས་ཐོན་སྐྱེད། མ་འཇོག་ལས་དོན་བཅས་ཀྱི་ཞིབ་ཕྲའི་འགན་འཁུར་མཁན་བློ་འདྲི་བ་ཏ་ཝུའུ་ཏེས་ཚེས་30ཉིན་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་ཀྲུང་ཕའི་ཚོང་དོན་སྐུལ་སྤེལ་གླེང་སྟེགས་ནང་ཞུགས་སྐབས་གོང་གསལ་དེ་གར་བརྗོད་པ་དང་། ཁོང་གིས་ཕ་ཁི་སི་ཐན་སྲིད་གཞུང་གི་ལས་འགན་གལ་ཆེན་དང་པོ་ནི་ཕྱིར་ཚོང་བྱེད་མང་དུ་གཏོང་རྒྱུ་དེ་ཡིན་པ་དང་། འདི་ནི་མིག་སྔའི་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དུས་བབ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
     ཏ་ཝུའུ་ཏེས་བྱེད་སྒོ་མཇུག་འགྲིལ་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ཕ་ཁི་སི་ཐན་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་པ་དེར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་བུ་རམ་དང་འབྲས་སོགས་ཞིང་ཞོར་ཐོན་རྫས་ནས་འགོ་བཙུགས་ཏེ་འཁེལ་འཐག་ལས་རིགས་དང་ཀོ་བ་སོགས་ཀྱི་ཡང་བའི་བཟོ་ལས་ཐོན་རྫས་བར་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་རིམ་བཞིན་ཆེ་རུ་གཏོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
      ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་གིས་བྱེད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས། ཀྲུང་གོ་ཕྱོགས་ཀྱིས་མ་འཇོག་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ཕ་ཁི་སི་ཐན་གྱི་སྒེར་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས་ཕ་ཁི་སི་ཐན་གྱི་བཟོ་ཚོང་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ནས་ཕ་ཁི་སི་ཐན་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་ཆེད་རྨང་གཞི་འདིང་ཐུབ་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་འཚོགས་པ་དེས་ཕ་ཁི་སི་ཐན་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།