འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།པོ་ཚི་ཝ་ནར་ཀྲུང་ཧྥེའི་རིག་གནས་སྒྱུ་རྩལ་སྤེལ་རེས་མཐུན་ཚོགས་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་པོ་རོ་ནེ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། པོ་ཚི་ཝ་ནའི་རྒྱལ་ས་ཀ་པོ་རོ་ནེར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་སྤེལ་རེས་མཐུན་ཚོགས་དངོས་སུ་བཙུགས་པ་དང་། ཀྲུང་གོའི་གླུ་གཞས་མཁས་ཅན་ཀྲུའུ་མིང་དབྱིང་དང་། ནི་ཀྲེ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒྱུ་རྩལ་དང་རིག་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨའོ་ཏུན་པ·ཀུང་ཤིས·ལུའོ་ཐི་སྨི་གཉིས་ཀྱིས་མཐུན་ཚོགས་ཀྱི་སྐབས་དང་པོའི་ཀྲུའུ་ཞིའི་འགན་ཁུར་ཡོད་པ་རེད།
     ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་སྤེལ་རེས་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནན་ཀེང་ཞུས་ཀྱིས་མཐུན་ཚོགས་བཙུགས་པའི་མཛད་སྒོའི་ཐོག་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་རིམ་གྱིས་ལག་ལེན་བསྟར་བ་དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ཨ་ཧྥེ་རི་ཁར་དོ་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་སྤེལ་རེས་མཐུན་ཚོགས་བཙུགས་པའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་བ་བརྒྱུད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འབྲེལ། ཨ་ཧྥེ་རི་ཁའི་སྒྱུ་རྩལ་མཁས་ཅན་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།
     པོ་ཚི་ཝ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཡན་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཟླ་9པར་བདེ་བླག་ངང་འཚོགས་པ་དང་སྦྲགས 《པེ་ཅིང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དབར་རྒྱུས་མངའ་ལོན་ཤུགས་ཆེ་རུ་གཏོང་བ་དང་། མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ནན་བཤད་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་སྒྱུ་རྩལ་སྤེལ་རེས་མཐུན་ཚོགས་བཙུགས་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཟབ་ཏུ་འགྲོ་ཆེད་གོ་སྐབས་བཟང་པོ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
     དེ་ཉིན་དགོང་མོ། པོ་ཚི་ཝ་ནའི་སྒྱུ་རྩལ་མཁས་ཅན་དང་ཀྲུང་གོའི་ཧྲེན་ཀྲེན་ཕྱི་ཕྱོགས་སྤེལ་རེས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་ལྟད་མོ་བ་ཚོར་ཞབས་བྲོ་དང་རྩལ་རྩེད་སོགས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།