འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།“ཀྲུང་ཧྭའི་བརྩེ་སེམས”ཞེས་པ་ཕ་ཕུ་ཡ་ཀུའི་ནེ་ཡར་འཁྲབ་སྟོན་ཐོག་མ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པི་གྲུ་ཁ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭའི་བརྩེ་སེམས”ཞེས་པའི་ཕྱིར་སྡོད་རང་མིར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་ཚེས་30ཉིན་གྱི་མཚན་མོ་ཕ་ཕུ་ཡ་ཀུའི་ནེ་ཡའི་རྒྱལ་ས་མོར་སི་པི་གྲུ་ཁར་བྱས་པས་ས་གནས་དེའི་དམངས་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། འདི་ནི“ཀྲུང་ཧྭའི་བརྩེ་སེམས”ཕ་ཕུ་ཡ་ཀུའི་ནེ་ཡར་འཁྲབ་སྟོན་བྱེད་ཐེངས་ཐོག་མ་དེ་རེད།
     མཚན་ཚོགས་ཐོག“ཀྲུང་ཧྭའི་བརྩེ་སེམས”སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས《ང་ཝུའུ་ཀྲེ་རི་བོར་དགའ། ང་དབན་ཆོན་གཙང་པོར་དགའ》ཞེས་པ་སོགས་ཀྱི་གླུ་གཞས་དང་རྩལ་རྩེད་འཁྲབ་སྟོན་སོགས་བྱས་པར་ལྟད་མོ་བའི་དགའ་བསུ་ཐོབ་པ་རེད།
     ཕ་ཕུ་ཡ་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤུའེ་པིན་གྱིས་མཚན་ཚོགས་ཐོག་ཤིས་ཚིག་གསུངས་པའི་ནང“ཀྲུང་ཧྭའི་བརྩེ་སེམས”འཁྲབ་སྟོན་གྱིས་མེས་རྒྱལ་དང་ཕ་མེས་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཕྱིར་སྡོད་སྤུན་ཟླར་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་སྤྲོ་སྣང་ཡང་སྦྱིན་ཡོད་ཅེས་འཁོད་ཡོད།
     ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་གཞོན་པ་ཨེ་པུར་གྱིས་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉིར་གྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཏེ་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི“ཀྲུང་ཧྭའི་བརྩེ་སེམས”སྒྱུ་རྩལ་ཚོགས་པ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། འཁྲབ་སྟོན་དེས་ཕ་ཕུ་ཡ་ཀུའི་ནེ་ཡ་དང་ཀྲུང་གོའི་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་གསུངས།
     2008ལོ་ནས་བཟུང་། “ཀྲུང་ཧྭའི་བརྩེ་སེམས”ཞེས་པའི་འཁྲབ་སྟོན་རྒྱལ་ཁབ་80ལྷག་ཙམ་གྱི་གྲོང་ཁྱེར་200ལྷག་ལ་འཁྲབ་སྟོན་ཐེངས་ཆིག་སྟོང་ཙམ་བྱས་ཤིང་། ད་ཐེངས་ཀྱི་མཚན་ཚོགས་དེ་ཨོ་ཤིན་རྒྱལ་སྤྱིའི་སྨྱན་སྦྱོར་ཚོགས་པས་གཉེར་བ་ཞིག་རེད།