འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་3ཉིན།

༄༅།།འཛམ་གླིང་དངུལ་ཁང་གི་སྙན་སྒྲོན་ནང་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མངོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་དངུལ་ཁང་གིས་ཟླ་10ཚེས་31ཉིན་བཀྲམ་པའི《2019ལོའི་ཚོང་གཉེར་ཁོར་ཡུག་གི་སྙན་སྒྲོན》ནང་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ན་ནིང་ཨང་རིམ་30ལྷག་ཙམ་ལ་འཕར་ནས་དཔལ་འབྱོར་དངོས་ཚན་190ཡི་ནང་ནས་ཨང་རིམ་46ལ་སླེབས་པ་བསྟན་ཡོད།
     སྙན་སྒྲོན་ནང་། ཀྲུང་གོས་འདས་ཟིན་པའི་ལོའི་ནང་ཁེ་ལས་འབྲིང་ཆུང་གི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཐད་ལག་བསྟར་བྱས་པའི་སྒྱུར་བཅོས་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པར་བརྟེན་འདི་ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་ཚད་དེ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་བསྟན་ཡོད།
     སྙན་སྒྲོན་ནང་དམིགས་ཚད་གཙོ་བོ་བཅུའི་ནང་ཀྲུང་གོས“ཁེ་ལས་གཉེར་བ”དང“གློག་ཤུགས་ཐོབ་པ”ཕྱོགས་གཉིས་ཐད་ཀྱི་ལེགས་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ཁེ་ལས་གཉེར་བའི”དམིགས་ཚད་དེ་ན་ནིང་གི་ཨང་རིམ་93ནས་ཨང་རིམ་28ལ་སླེབས་ཡོད། “གློག་ཤུགས་ཐོབ་པའི”དམིགས་ཚད་ཀྱི་ཨང་རིམ་དེ་ན་ནིང་གི་ཨང་རིམ་98ནས་ཨང་རིམ་14ལ་སླེབས་ཡོད། ཀྲུང་གོས“ལས་གྲྭའི་ཆོག་འཐུས་ལག་ཁྱེར་གཉེར་རྒྱུ”དང“རྒྱུ་ནོར་ཐོ་བཀོད”“མ་འཇོག་མཁན་ཉུང་ཤས་ལ་སྲུང་སྐྱོང”“ཁྲལ་འཇལ”“ས་ཁོངས་སྒྲོལ་བའི་ཚོང་དོན”བཅས་ཕྱོགས་ལྔ་ཡི་ཐད་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་ཡོད།
     《2019ལོའི་ཚོང་གཉེར་ཁོར་ཡུག་སྙན་སྒྲོན》ནང་2017ལོའི་ཟླ་6ཚེས་2ཉིན་ནས་2018ལོའི་ཟླ་5ཚེས་1ཉིན་བར་གྱི་འཛམ་གླིང་ཁྱབ་ཁོངས་ནང་གི་དཔལ་འབྱོར་ལྟ་སྐུལ་དོ་དམ་སྒྱུར་བཅོས་བཀོད་ཡོད་ལ་དཔལ་འབྱོར་དངོས་ཚན་128ལ་སྒྱུར་བཅོས་རྣམ་གྲངས་314ལག་བསྟར་བྱས་ཡོད་པ་དང་སྒྱུར་བཅོས་གྲངས་འབོར་2003ལོར་བསྡོམས་རྩིས་བྱས་ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
     《ཚོང་གཉེར་ཁོར་ཡུག་སྙན་སྒྲོན》ནི་འཛམ་གླིང་དངུལ་ཁང་གི་སྙན་སྒྲོན་གཙོ་བོ་ཞིག་ཡིན་པ་དང་2003ལོ་ནས་བཟུང་ལོ་རེར་ཁྱབ་བསྒྲགས་ཐེངས་གཅིག་བྱེད་ཅིང་། འདི་ལོ་བར་དུས་ཐེངས་16ཁྱབ་བསྒྲགས་བྱས་ཡོད།