འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་2ཉིན།

༄༅།།མཚོ་སྔོན་གྱི་གྲངས་གཞི་ཆེན་པོས་ལས་རིགས་དེ་བས་མང་བར་ཞབས་འདེགས་ཞུ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་02ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དྲ་སྦྲེལ་དང་། མི་ཐབས་རིག་ནུས། སྤྲིན་རྩིས་ལ་སོགས་མང་པོ་སྤྱོད་པའི་འཕྲིན་གཏོང་ལག་རྩལ་ནས་ཐོན་སྐྱེད་དང་འཚོ་བ་སོགས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ཐོན་ལས་གསར་སྒྱུར་བྱུང་བའི་བར་གྲངས་གཞི་ཆེན་པོ་དྲག་ཏུ་རྒྱུག་པའི་ཆུ་རྒྱུན་དང་འདྲ་བར་དེང་སྐབས་ཀྱི་ལས་རིགས་དང་ལས་སྒོའི་འགན་ནུས་ཁྱབ་ཁོངས་ཚང་མར་ཁྱབ་བཞིན་ཡོད།
     མཚོ་སྔོན་ཞིང་ཆེན་གྱི“དྲ་སྦྲེལ+”ས་མཐོའི་ཁྱད་ལྡན་བློ་རིག་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ཐོག་ཞུགས་ཏེ“ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི”རྟགས་རིས་ཁ་ཕྱེ་ཚེ་དྲ་ངོས་མཚོ་སྔོན་ཞིང་འབྲོག་ལས་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སུ་འགྱུར་བ་དང་། བྱི་བརྡ་མནན་ཚེ་ལས་སྟེགས་བརྒྱུད་ཞིང་འབྲོག་གི་སྲིད་ཇུས་ཤེས་རྟོགས་ཐུབ་པ་མ་ཟད། ད་དུང་ནད་འབུའི་གནོད་འཚེ་དྲ་ཐོག་བརྟག་དཔྱད་མ་ལག་དང་རིགས་གཅིག་མཁས་ཅན་དང་འབྲེལ་གཏུགས་བྱས་པ་བརྒྱུད། ཞིང་འབྲོག་པར་འཕྲད་པའི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།
     གྲངས་གཞི་ཆེན་པོའི་ཐོན་ལས་ཀྱིས་མཚོན་བྱེད་དུ་བྱས་པའི་དཔེ་དབྱིབས་གསར་པ་དང་ལས་རྣམ་གསར་པ་སྲོལ་རྒྱུན་ཐོན་ལས་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ལས་སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་གོམ་སྟབས་གལ་ཆེན་ཞིག་སྤོས་པ་རེད།
    2017ལོའི་ཟླ་3པར“གྲངས་འཛིན་དཔལ་འབྱོར”སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐོག་མར་བཀོད་པ་དང་གྲངས་གཞི་ཆེན་པོའི་ཐོན་ལས་ཀྱང་དཔལ་འབྱོར་རྣམ་པ་གསར་པར་སྐུལ་འདེད་གཏོང་བའི་འགག་རྩའི་ཐོན་སྐྱེད་གྲུབ་ཆར་གྱུར་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་པ་འཕར་ཡོད། མཚོ་སྔོན་ཞིང་ཆེན་གྱིས་གྲངས་གཞི་ཆེན་པོ་འཛུགས་སྐྲུན་གྱི་གོམ་སྟབས་ལ་དམ་པོར་བསྙེགས་ཏེ་གྲངས་གཞི་ཆེན་པོའི་ཐོན་ལས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཡོད། མིག་སྔའི་བར་མཚོ་བོད་ས་མཐོའི་གྲངས་གཞི་ཆེན་པོའི་ལྟེ་གནས་དང་། ཚ་འདམ་གཤོང་སའི་གྲངས་གཞིའི་ཉེན་ཁ་དོགས་ཟོན་ལྟེ་གནས། གཙང་གསུམ་ཆུ་འགོའི་གྲངས་གཞི་ཆེན་པོའི་ལྟེ་གནས་སོགས་གྲངས་གཞི་ཆེན་པོའི་རྣམ་གྲངས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང་། ཀྲུང་ཀོན་གྲོང་ཚོའི་མཐོ་གསར་ལག་རྩལ་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་མཉེན་ཆས་དང་འདུས་གྲུབ་གློག་ལམ་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་གཙོ་གནད་ཁེ་ལས་དང་རྣམ་གྲངས་ཁག་གཅིག་མཚོ་སྔོན་ཞིང་ཆེན་དུ་གཞིས་ཚུགས་པ། ཐའོ་པའོ་དང་། ལྷ་ཞིམ། དཔེ་བཏུས་སོགས་ཁེ་ལས་བཅའ་སྡོད་གཉེར་སྐྱོང་བྱས་ཏེ་དྲ་ཐོག་ཚོང་དོན་དང་། བློ་རིག་ཡུལ་སྐོར། བློ་རིག་འགྲིམ་འགྲུལ་སོགས་གྲངས་འཛིན་ཐོན་ལས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད།