འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་2ཉིན།

༄༅།།ཀྲུང་གོའི་ཀྲུང་ཁྲེ་ཀུང་སིས་ཐུར་ཁེར་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་02ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨན་ཁ་ར་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོའི་ཀྲུང་ཁྲེ་ཀུང་སིས་ཚེས་30ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁ་རར་ལྕགས་ལམ་འགྲིམ་འགྲུལ་གྱི་ལག་རྩལ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ནས། ཐུར་ཁེ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     ཀྲུང་གོའི་ཀྲུང་ཁྲེ་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་ཀྲུང་ཁྲེ་ཚན་རྩལ་པུའི་པུའུ་ཀྲང་ཞེ་པུའུ་མིང་གིས། གསར་དུ་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱིས་ལྕགས་ལམ་འགྲིམ་འགྲུལ་གྱི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག ལག་རྩལ་གཞན་སྒྱུར་ཁྱབ་གདལ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་སྤེལ་རྒྱུ་དང་ཆབས་ཅིག་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་དང་། རྒྱལ་སྤྱིའི་ལག་རྩལ་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཟླ་10ཚེས་26ཉིན་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཨ་མ་ཚད་ཡོད་ཀུང་སི་དང་དབྱི་སི་ཐན་པུར་གྲོང་ཁྱེར་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་5ཙམ་རི་བའི་ལྕགས་ལམ་ཆུང་བའི་མེ་འཁོར་རིགས་ཀྱི་མངག་ཐོ་བཞག་པ་འདི་ནི་ཀྲུང་ཐུར་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་བྱས་པའི་གྲུབ་འབྲས་གསར་ཤོས་ཡིན་པ་རེད།