འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རྒྱུ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས། ཀྲུང་གོས་ཟླ་11ཚེས་1ཉིན་ནས་བཟུང་། དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་11པའི་རེས་སྐོས་ཀྲུའུ་ཞིའི་འགན་འཁུར་རྒྱུ་དང་། རེས་སྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས། ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་ལ་གཞིགས་ནས། ཅི་ནུས་ཀྱིས་ས་ཁུལ་གྱི་གནད་དོན་ཚ་ཤོས་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བྱས་ནས། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ལ་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ་བརྗོད། 
    ཁོས"མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཡིན་པ་ཆ་ནས། ང་ཚོས་བདེ་འཇགས་ལས་འཛིན་ལྷན་ཚོགས་མ་ཡིན་པའི་རྒྱལ་ཁབ་དང་། ཁྱད་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་རིམ་ཐོག་འབྲེལ་ཡོད་དོ་བདག་རྒྱལ་ཁབ་སོགས་དང་ཡང་ཕན་ཚུན་འབྲེལ་འདྲིས་བྱས་ཏེ། སྔར་ལས་སྒོ་འབྱེད་དང་ཁ་གསལ་བའི་ཐབས་ལམ་བརྒྱུད་ནས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན"ཞེས་བཤད། 
     མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནི་ཁོངས་གཏོགས་རྒྱལ་ཁབ་15ཡིས་རེས་མོས་ངང་ཟླ་གཅིག་རེར་འགན་འཁུར་གྱི་ཡོད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིས་ཟླ་བ་དེའི་གྲོས་གཞི་གཏན་འཁེལ་དང་གྲོས་ཞིབ་ལ་མཛུབ་སྟོན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པས་ཕྱོགས་སོ་སོ་ནས་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོས་འདིའི་སྔོན་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་བའི་དུས་ནི་2017ལོའི་ཟླ་7པ་རེད་འདུག