འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་1ཉིན།

༄༅།།ལྷོ་བྲག་གིས་ཐག་རིང་ཧི་མ་ལ་ཡའི་ཁུལ་དུ་མཐའ་མཚམས་བརྟན་སྲུང་དང་དམངས་ཕྱུག་ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷོ་བྲག་གིས་ཐག་རིང་ཧི་མ་ལ་ཡའི་ཁུལ་དུ་མཐའ་མཚམས་བརྟན་སྲུང་དང་དམངས་ཕྱུག་ཡོང་བ་བྱས་པ།
     མི་དམངས་དྲ་བའི་འཕྲིན། ལྷོ་བྲག་ནི་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་རི་འདབས་སུ་ཆགས་པ་ལས་མིང་གྲགས་ཐོན་ཞིང་། དེ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཆེས་མཐའ་ཁུལ་དུ་གནས་པའི་རྫོང་ཞིག་རེད། ཀྲུང་གོ་དང་འབྲུག་པ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཡིན་པའི་ཆ་ནས། ལྷོ་བྲག་རྫོང་ཁོངས་གཏོགས་ཀྱི་སྤྱི་ལེ་240ཡི་མཐའ་མཚམས་གདོད་མའི་ནགས་ཚལ་བརྒལ་དགོས་པ་དང་། ཆུ་རྒྱུན་དྲག་པོ་རྒྱུག་པའི་གྲོག་རོང་དང་། རི་མཐོ་རྩྭ་ཐང་ཡིན་པས། མི་ཧ་ཅང་ཉུང་ཉུང་ཡིན་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། ལྷོ་བྲག་ལ་གནམ་ས་བླ་འོག་སྒྲུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། བོད་ལྗོངས་ཀྱི་མཐའ་མཚམས་བརྟན་སྲུང་དང་མི་དམངས་ཕྱུག་པོ་དང་། མཐའ་མཚམས་སྟོབས་ཆེན་དང་བརྟན་སྲུང་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲབ་འབྲས་ཐོབ་པའི་གསོན་ཉམས་དོད་པའི་མ་དཔེ་ཞིག་ཏུ་གྱུར་ཡོད། འདི་ནི་ལྷོ་བྲག་གི་ཡུལ་ལྗོངས་ཡིན་པ།
༄༅།།ལྷོ་བྲག་གིས་ཐག་རིང་ཧི་མ་ལ་ཡའི་ཁུལ་དུ་མཐའ་མཚམས་བརྟན་སྲུང་དང་དམངས་ཕྱུག་ཡོང་བ་བྱས་པ།