འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་31ཉིན།

༄༅།།ཨ་རིས་གནས་སྤོས་ཡུལ་མིའི་རླབས་རྒྱུན་ལ་ཁ་གཏད་འཇལ་བར་ཨ་རི་དང་མོ་ཞི་ཁོའི་ས་མཚམས་
ལ་དམག་མི་5200མངགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་31ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིས་གནས་སྤོས་ཡུལ་མིའི་རླབས་རྒྱུན་ལ་ཁ་གཏད་འཇལ་བར་ཨ་རི་དང་མོ་ཞི་ཁོའི་ས་མཚམས་
ལ་དམག་མི་5200མངགས་རྒྱུ་རེད།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཡི་དཔོན་པོས་ཁྱབ་བསྒྲགས་བྱས་དོན། གཟའ་འཁོར་འདིའི་ནང་དུ་ཨ་རི་དང་མོ་ཞི་ཁོ་ཡི་ས་མཚམས་སུ་དམག་མི་5200མངགས་ནས། མེ་གླིང་དབུས་རྒྱུད་ཀྱི་གནས་སྤོས་ཡུལ་མིའི་རླབས་རྒྱུན་ལ་ཁ་གཏད་གཞལ་རྒྱུ་རེད། 
    ཨ་རིའི་བྱང་ཕྱོགས་སི་ལིན་པུའི་སི་ལིན་དང་། མཁའ་དམག་ཧྲང་ཅང་ཐེ་ལུན་སི་ཨོ་ཞོ་ནཱེ་ཞི་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་ཐོག་ཏུ་གནས་ཚུལ་འདི་ཁྱབ་བསྒྲགས་བྱས་པ་དང་། ཁོང་གིས་ད་དུང་། ཉིན་དེར་དམག་མི་800ལྷག་ཨ་རི་དང་མོ་ཞི་ཁོའི་ས་མཚམས་དཱི་ཁེ་ས་སི་མངའ་སྡེ་ལ་བསྐྱོད་པ་དང་། ད་དུང་དམག་མི་ཁག་ཅིག་ཁཱ་ལི་ཧྥུ་ལི་ཡ་མངའ་སྡེ་དང་ཡ་ལི་སང་ནཱ་མངའ་སྡེར་རུ་བསྐྱོད་རྒྱུ་ཡིན་པ་བཤད། 
     ཨོ་ཞོ་ནཱེ་ཡིས་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཁ་གསལ་པོས་ངང་ནས་ས་མཚམས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཡིན་པར་བསྟན་ཡོད་ཅེས་བཤད། 
     འདིའི་སྔོན་ལ། ཨ་རི་སྲིད་གཞུང་གིས་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་རུ་མི་2100ལྷག་སྐུང་འཐེན་བྱས་ཏེ། ས་མཚམས་ཁྲིམས་བསྟར་མི་སྣས་ཁྲིམས་འགལ་ངང་གནས་སྤོ་བ་དང་ས་མཚམས་ལས་བརྒལ་བར་ཁ་གཏད་འཇལ་རོགས་བྱེད་པར་མངགས་ཡོད། 
ཐེ་རོམ་ཕུ་ཡིས་ཚེས་29ཉིན་སྤྱི་ཚོགས་སྨྱན་སྦྱོར་ཐོག་ནས་གནས་སྤོས་ཡུལ་མི་འདི་ཚོས་ཁྲིམས་མཐུན་གྱི་ལམ་ཁ་བརྒྱུད་ན་མ་གཏོགས་ཨ་རིས་དང་ལེན་བྱ་རྒྱུ་མིན་པར་བརྗོད་ཡོད།