འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་30ཉིན།

༄༅༎ཝུའུ་ཀྲེན་དུ་ལྷ་མོ་འཁྲབ་སྟོན་བྱེད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་30ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཝུའུ་ཀྲེན་དུ་ལྷ་མོ་འཁྲབ་སྟོན་བྱེད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ནས་ཚེས་28ཉིན་བར། ཀྲེ་ཅང་གི་ཝུའུ་ཀྲེན་ཞི་ཧྲན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་དུ། ཇོ་མོ་གླང་མའི་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང་《དོན་ཡོད་དོན་འགྲུབ་》འཁྲབ་སྟོན་བྱས་པས་ལྟད་མོ་བ་ཚོའི་ཡིད་དབང་བཀུགས་ཡོད།  ལྷ་མོར་ད་བར་ལོ་ངོ་600ལྷག་གི་ལོ་རྒྱུས་ལྡན་ཞིང་། དེར"བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ"ཞེས་འབོད་ཀྱི་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ། ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་བྱས་པ་རེད། འདི་ནི་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།
【1】  【2】  【3】
༄༅༎ཝུའུ་ཀྲེན་དུ་ལྷ་མོ་འཁྲབ་སྟོན་བྱེད་པ།