འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་30ཉིན།

༄༅།།ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣ་4300ལྷག་2018ལོའི་སྟོན་ཁའི་ཕྱི་སྦྱོང་ཤེས་ཡོན་
ཅན་གདན་ཞུའི་འདུ་ཚོགས་ལ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་30ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་པེ་ཅིང་འགྲེམས་སྟོན་ཁང་དུ་སློབ་གསོ་པུའུ་ཕྱི་སྦྱོང་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“2018ལོའི་སྟོན་ཁའི་ཕྱི་སྦྱོང་ཤེས་ཡོན་ཅན་གདན་ཞུའི་འདུ་ཚོགས་དང་མཐོ་རིམ་ཤེས་ལྡན་པའི་ངོ་འཕྲད་གྲོས་མོལ་འདུ་ཚོགས”འགོ་ཚུགས་པ་རེད། གདན་ཞུ་བསྐོ་སྤྱོད་འདུ་ཚོགས་ཐོག་ཁྱོན་ལས་གནས་དགོས་མཁོའི་ཆ་འཕྲིན་1500ལྷག་མཁོ་འདོན་བྱས་པ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣ་4300ལྷག་བྱེད་སྒོ་དེའི་ནང་ཞུགས་ཡོད་པ་རེད།
     ད་རེས་ཀྱི་ཕྱི་སྦྱོང་ཤེས་ཡོན་ཅན་གདན་ཞུ་བསྐོ་སྤྱོད་འདུ་ཚོགས་སུ་རྒྱལ་ནང་གི་ཕྱི་སྦྱོང་མི་སྣའི་བསྐོ་སྤྱོད་ཚན་པ་158གདན་དྲངས་ཏེ་མིང་ཐོ་བཀོད་ནས་ཞུགས་ཡོད་པ་རེད།
     འདུ་ཚོགས་དེར་ཞུགས་པའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱི་སྦྱོང་སྲིད་ཇུས་རྟོགས་རྒྱུར་སྟབས་བདེ་ཡོང་ཆེད། གདན་ཞུའི་འདུ་ཚོགས་ཀྱི་ཡུལ་དངོས་སུ་ད་དུང་རྒྱལ་ཁབ(མངའ་ཁོངས)ཕྱིའི་སློབ་རྒྱུས་སློབ་གནས་བདེན་དཔང་དང་། ཡིག་ཚགས་ཐེམ་ཐོ་ཉར་འཇོག ལས་ཞུགས་གཞིས་ཆགས་སོགས་ཀྱི་འབྲེལ་ཡོད་ལས་སྒོའི་བློ་འདྲི་ཞབས་ཞུ་བྱས་པ་རེད།
     སློབ་གསོ་པུའི་ཕྱི་སྦྱོང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེང་ཅ་ཚའེ་ཡིས། 2012ལོར་ཞབས་ཞུ་ལྟེ་གནས་བཙུགས་ཚུན་ཕྱི་སྦྱོང་ཤེས་ཡོན་ཅན་གདན་ཞུའི་འདུ་ཚོགས་སྐབས་12གཉེར་བར་རྒྱལ་ནང་གི་ཚན་པ་2000ལྷག་ཞུགས་པ་དང་། ལས་གནས་ཆ་འཕྲིན་15000ལྷག་མཁོ་འདོན་བྱས་ནས། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣ30000ལྷག་ལ་བློ་འདྲི་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་ནི་སློབ་གསོ་པུས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།