འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་20ཉིན།

༄༅།།2019ལོའི“ཚན་རིག་ཚད་བརྒལ་བྱ་དགའ” ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་20ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2019ལོའི“ཚན་རིག་ཚད་བརྒལ་བྱ་དགའ”ཐོབ་མཁན་གྱི་མིང་ཐོ་ཚེས་17ཉིན་ཅིའུ་ཅིན་ཧྲན་དུ་ཡོངས་བསྒྲགས་བྱས་ཤིང་། བྱ་དགའ་ཐོབ་མཁན་ཚན་རིག་མཁས་ཅན་དགུའི་ནང་ཀྲུང་གོ་བའི་ཚན་རིག་མཁས་ཅན་ཀྲོང་ཞའོ་ཝེ་དང་ཁྲེན་ཀྲེ་ཅན་ལ་ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་བྱ་དགའ་ཁག་གཉིས་ཐོབ་ཡོད། གཞན་ཡང་ལོ་རབས་80ནང་སྐྱེས་པའི་ཀྲུང་གོའི་རྩིས་རིག་མཁས་ཅན་ཞུས་ཁྲེན་དབྱང་ལ་ན་གཞོན་མཁས་དབང་ལ་ཆེད་མངགས་ཕྱོགས་པའི“མཐོང་རྒྱ་གསར་པའི་རྩིས་རིག་བྱ་དགའ”ཐོབ་པ་རེད།
         ད་ཐེངས་ཀྱི“ཚན་རིག་ཚད་བརྒལ་བྱ་དགའི”གཤམ་འོག་ཏུ་བཀོད་སྒྲིག་བྱས་པའི་ཚེ་སྲོག་ཚན་རིག་བྱ་དགའ་4དང་། རྨང་གཞིའི་དངོས་ཁམས་བྱ་དགའ་2 རྩིས་རིག་བྱ་དགའ་1བཅས་ཁྱོན་རྣམ་གྲངས་རྐྱང་པའི་བྱ་དགའ་7ཡོད་པ་དང་རྣམ་གྲངས་རེར་བྱ་དགའི་དངུལ་འབོར་ཨ་སྒོར་ཁྲི་300ཡིན་པ་རེད། ཧ་ཕུའུ་སློབ་ཆེན་གྱི་ཀྲོང་ཞའོ་ཝེ་དང་ཏེ་ཁེ་སཱ་སི་སློབ་ཆེན་ལྷོ་ནུབ་གསོ་རིག་ལྟེ་གནས་ཀྱི་ཁྲེན་ཀྲེ་ཅན་ཁག་སོ་སོར་ཚེ་སྲོག་ཚན་རིག་བྱ་དགའ་གཉིས་ཐོབ་པ་དང་ཚེ་སྲོག་ཚན་རིག་བྱ་དགའ་གཞན་གཉིས་Ionisསྨན་བཟོ་ཀུང་སིའི་ཧྥུ་ལན་ཁེ·པེ་ན་ཐེ་ཧོའི་ཁོར་ཏེ་སི་ཕུའུ་ལིན་ཚོད་ལྟ་ཁང་གི་ཨ་ཏེ་ལི་ཨན·ཁེ་ལན་ན་དང་། མ་ཧྲེང་རང་བྱུང་དང་བཟོ་སྐྲུན་སློབ་གླིང་གི་ཨན་ཀེ་ལི་ཁ·ཨ་མོང་ལ་ཐོབ་པ་རེད།
        ཀྲོང་ཞའོ་ཝེ་ལོ་15ལ་སླེབས་སྐབས་སུའུ་ཀྲོའུ་སློབ་འབྲིང་ནས་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ལོ་ཆུང་འཛིན་གྲྭར་ཚུད་པ་དང་ལོ་34ལ་ཧ་ཕུའུ་སློབ་ཆེན་གྱི་རྫས་འགྱུར་དང་རྫས་འགྱུར་སྐྱེ་དངོས་ཚན་ཁག་དང་དངོས་ཁམས་ཚན་ཁག་གཉིས་ཀྱི་གདན་ཞུས་དགེ་རྒན་ཆེན་མོ་བ་བྱས་པ། ཨ་རིའི“སྐྱེས་སྟོབས་ཤེས་རབ་ཀྱི་བྱ་དགའ”ཐོབ་མཁན་གྱི་ཀྲུང་གོའི་བུད་མེད་ཚན་རིག་མཁས་ཅན་དང་པོ་དེ་ཡིན་པ་དང་། ལོ་40ལ་སླེབས་སྐབས་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་རེད།
       ཁྲེན་ཀྲེ་ཅན་1981ལོར་ཕུའུ་ཅན་དགེ་འོས་སློབ་ཆེན་ལ་ཚུད་པ་དང་1986ལོར་ཨ་རིའི་ཉིའུ་གཡོད་ཀྲོའུ་བཙུགས་སློབ་ཆེན་ནས་འབུམ་རམས་པའི་སློབ་གནས་ཐོབ་པ་དང་། 1997ལོར་ཏེ་ཁེ་སཱ་སི་སློབ་ཆེན་ལྷོ་ནུབ་གསོ་རིག་ལྟེ་གནས་ནང་ཞུགས་པ། 2014ལོར་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་རེད།
       “རྩིས་རིག་ཚད་བརྒལ་བྱ་དགའ”ནི་ཧྥ་རན་སིའི་མཁས་དབང་ཝེན་སན་ཐེ·ལ་ཕུའུ་ཀེར་ཐོབ་པ་དང་། “རྨང་གཞིའི་དངོས་ཁམས་རིག་པའི་ཚད་བརྒལ་བྱ་དགའ”ཨ་རིའི་པིན་ཤི་ཧྥ་ཉི་ཡ་སློབ་ཆེན་གྱི་ཁྲར་སི·ཁའེ་ཨིན་དང་ཡིའུ་ཅིན་·མའེ་ལིན་གཉིས་ལ་ཐོབ་པ་རེད། འདི་ལོ་ད་དུང“རྨང་གཞིའི་དངོས་ཁམས་རིག་པའི་དམིགས་བསལ་ཚད་བརྒལ་བྱ་དགའ”དེ་བརྡ་སྤྲོད་བརྟན་སྐར་ཤེས་རྟོགས་ཐུབ་མཁན་དབྱིན་ཇིའི་དངོས་ཁམས་རིག་པ་མཁས་ཅན་ཆའོ་སི་ལིན·པའོ་ནེར་ཐོབ་པ་རེད།
       གཞན་ཡང་ཞུས་ཁྲེན་དབྱང་ཚུད་པའི་རྩིས་རིག་མཁས་ཅན་5དང་དངོས་ཁམས་རིག་པ་མཁས་ཅན་7ལ་ན་གཞོན་མཁས་དབང་ལ་ཆེད་མངགས་ཕྱོགས་པའི“མཐོང་རྒྱ་གསར་པའི་རྩིས་རིག་བྱ་དགའ”དང“མཐོང་རྒྱ་གསར་པའི་དངོས་ཁམས་བྱ་དགའ”ཐོབ་པ་རེད། མ་ཧྲེང་རང་བྱུང་དང་བཟོ་སྐྲུན་སློབ་གླིང་དང་པེ་ཅིང་རྒྱལ་སྤྱིའི་རྩིས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞུས་ཁྲེན་དབྱང་ལ་2017ལོའི་ཀྲུང་གོའི་འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་པོ་ཐོབ་མྱོང་ཡོད་པ་རེད།