འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གིས་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉེན་ཁར་
ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་10ཚེས་12ཉིན། ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའུ་ཁོའོ་ཡིས་2018ལོའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)དང་འཛམ་གླིང་དངུལ་ཁང་གི་ལོ་ཚོགས་ཐོག་ཤིས་ཚིག་གསུངས་པ་དང་། ཙུའུ་ཁོའོ་ཡིས་འཛམ་གླིང་གི་དཔལ་འབྱོར་ལ་གནད་དོན་མང་པོ་འཕྲད་བཞིན་ཡོད་པས་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་ཞེས་གསུངས།