འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཀྲང་དབྱང་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་པ།

སྒྲིག་ཁྲིམས་དང་ཁྲིམས་ལུགས་ལྟར་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་བདའ་འདེད་བཏང་།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་དབྱང་དམག་ཨུད་ཀྱི་དེ་སྔའི་ཨུ་ཡོན་དང་། དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡི་དེ་སྔའི་ཀྲུའུ་རེན་ཀྲང་དབྱང་གི་ཚབས་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་བྱས་པ་རེད།   
     ཞིབ་བཤེར་བྱས་པ་བརྒྱུད། ཀྲང་དབྱང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ཡོད་པ་དང་། ལྐོག་རྔན་སྤྲོད་ལེན་བྱས་པ་དང་། རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་མི་གསལ་བའི་དོགས་གཞི་ཡོད་ཅིང་། གནས་ཚུལ་ཧ་ཅང་ཚབས་ཆེ་བ་དང་། ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པ་རེད།    
     ཀྲང་དབྱང་གིས་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་།  མགོ་གཉིས་མ་དང་བློ་རྩ་བརྟན་པོ་མེད་པ། ཆབ་སྲིད་ཀྱི་ངོ་བོ་འགྱུར་བ། དཔལ་འབྱོར་ཐད་རྒྱུ་ཟ་བྱས་པ། འཚོ་བ་རུལ་སུངས་སུ་གྱུར་བ། ཀུན་སྤྱོད་ངན་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ད་དུང་བྱ་ངན་སྤྱོད་མཚམས་མ་བཞག་པ་དང་། སྒྲིག་འགལ་ཚབས་ཆེན་བྱས་ཏེ་ཆེས་མཐའ་མར་རང་ལྕེབ་བྱས་ནས་ཏང་སྒྲིག་རྒྱལ་ཁྲིམས་ཀྱི་ཆད་པ་ལས་གཡོལ་ཐབས་བྱས་པས། ཏང་དང་དམག་དཔུང་གི་བྱ་གཞག་ལ་ཤུགས་རྐྱེན་ངན་པ་བཟོས་པ་དང་། དམག་དཔུང་གི་ཆབ་སྲིད་ལས་དོན་དང་འགོ་ཁྲིད་ལས་བྱེད་པའི་གཟུགས་བརྙན་ལ་བཙོག་སྐྱོན་བཟོས་ཡོད་པས། ཀྲུང་དབྱང་དམག་ཨུད་ཀྱིས་ཞིབ་འཇུག་བྱས་པ་མ་ཟད་ཏང་ཀྲུང་དབྱང་ལ་གོང་ཞུ་བྱས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཀྲང་དབྱང་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་བྱས་པ་དང་། སྒྲིག་ཁྲིམས་དང་ཁྲིམས་ལུགས་ལྟར་གྱོད་འབྲེལ་རྒྱུ་ནོར་བདའ་འདེད་བཏང་བ་རེད།    
     དེའི་སྔོན་དུ། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲང་དབྱང་དམག་ཁོངས་ནས་ཕྱིར་ཕུད་བྱེད་པ་དང་། ཧྲང་ཅང་དམག་དཔོན་གྱི་གོ་གནས་མེད་པ་བཟོ་རྒྱུ་ཆད་པ་བཅད་ཡོད།