འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།སེ་ར་དགོན་ནས་འབྲས་སྤུངས་དགོན་བར་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་གསར་པ་ཞིག་བསྣན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་17ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་སེ་ར་དགོན་ནས་འབྲས་སྤུངས་དགོན་བར་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་གསར་པ་ཞིག་བསྣན་ཡོད།
       གསར་དུ་བསྣན་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་གི་བབས་ཚུགས་གོ་རིམ་ནི་སེ་ར་དགོན་བབས་ཚུགས་དང། ཝ་པ་གླིང་བབས་ཚུགས། ས་གཤིས་རུ་ཁག་གཉིས་པའི་བབས་ཚུགས། དགེ་འོས་ཆེད་ལས་སློབ་གྲྭའི་བབས་ཚུགས། བྲག་རི་ཁུག་བབས་ཚུགས། འབྲས་སྤུངས་དགོན་བབས་ཚུགས་བཅས་ཡིན། ཕྱོགས་རྐྱང་པའི་དུས་ཚོད་སྐར་མ་30ཙམ་ལ་སླེབས་པས་སྤྱི་སྤྱོད་རླངས་འཁོར་གྱི་རྒྱུན་གཏན་ལམ་ཐིག་24ལས་སྐར་མ་80ཡི་མགྱོགས་པ་དང་། ལམ་ཐིག་16ལས་སྐར་མ་60ཡིས་མགྱོགས་པ་ཡོད།
       ཆེད་སྤྱོད་ལམ་ཐིག་འདིར་ཁྱོན་རླངས་འཁོར་6སྤྱོད་རྒྱུ་ཡིན་པ་དང་། ཞོགས་པའི་ཆུ་ཚོད་7པ་ནས་དགོང་མོའི་ཆུ་ཚོད་8དང་སྐར་མ་10ཡི་བར་ཡོད།