འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཆིང་ཧྭ་སློབ་ཆེན་གྱིས་ཐོགས་མེད་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་10ཚེས་15ཉིན་ནི་རྒྱལ་སྤྱིའི་ལོང་བའི་ཉིན་མོ་ཐེངས་སོ་ལྔ་པ་དེ་ཡིན་ཞིང་། ཆིང་ཧྭ་སློབ་ཆེན་གྱིས“བསྟུན་མཁས་དང་སྣ་མང”ཐོགས་མེད་འཕེལ་རྒྱས་རྒྱལ་སྤྱིའི་རིག་གཞུང་ཚོགས་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་ཐོགས་མེད་འཕེལ་རྒྱས་ཞིབ་འཇུག་ཁང་གི་2018ལོའི་ལོ་ཚོགས་ཐོག་ཐོགས་མེད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་ཆིང་ཧྭ་སློབ་ཆེན་གྱི་འབྱུང་འགྱུར་ཚོད་ལྟ་ཁང་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཞུས་དབྱིང་ཆིང་གིས་ཆིང་ཧྭ་སློབ་ཆེན་གྱིས་རང་རྟེན་ཞིབ་འཇུག་བྱས་ནས་བཟོས་པའི་རེག་ཚོར་རི་མོ་མཐའ་སྣེའི་ཐོན་རྫས་ཡོངས་བསྒྲགས་བྱས་པ་དང་། ལོང་བས་རེག་བྱར་བརྟེན་ནས་རི་མོའི་ནང་དོན་རྟོགས་ཐུབ་ཀྱི་ཡོད།
     ལོང་བས་གཙོ་བོ་རྣ་ཤེས་དང་རེག་བྱ་ལས་ཆ་འཕྲིན་ཤེས་ཐབས་བྱེད་ཀྱི་ཡོད། དྲ་སྦྲེལ་ཐོག་གི་མཐོང་ཚོར་ནང་དོན་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་པའི་སྐབས་སུ་ལོང་བར་དེ་ལས་མང་བའི་བཀག་རྒྱ་འཕྲད་བཞིན་ཡོད། དེར་བརྟེན་ལོང་བར་པར་རིས་དང་ཆ་འཕྲིན་ལྟ་ཀློག་ཐུབ་པའི་ཐོགས་མེད་སྒྲིག་ཆས་སྟབས་བདེ་མཁོ་འདོན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
     ཆིང་ཧྭ་སློབ་ཆེན་གྱི་ཐོགས་མེད་འཕེལ་རྒྱས་ཞིབ་འཇུག་ཁང་གིས“ཐོགས་མེད་འཕེལ་རྒྱས་སྤྱི་སྤྱོད་ཀྱི་པེ་ཅིང་བསྒྲགས་གཏམ”ཡོངས་བསྒྲགས་བྱས་ནས་རིམ་པ་དང་། མངའ་ཁོངས། ལྷུ་ཚིགས་བཅས་མི་འདྲ་བར་ཐོགས་མེད་སྤྱི་སྤྱོད་ཆུ་ཚད་མཐོ་རུ་གཏོང་བའི་ཐད་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཚུད་པའི་ཕྱོགས་མང་གི་ཁེ་ཕན་བྱེད་པོ་མཉམ་ལས་ལ་ཞུགས་ནས་ཡུལ་དང་། དུས། མི་བཅས་ལ་བསྟུན་ནས་ཁོར་ཡུག་དང་། ཆ་འཕྲིན། ཞབས་ཞུ། ལས་ཞུགས་སོགས་ཕྱོགས་མང་ནས་ཐོགས་མེད་སྤྱི་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཏོན་ཡོད།