འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་ཤིང་འཛུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས《ཤིང་འཛུགས་ནགས་བཟོ་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཤུགས་ཆེན་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》དང་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི“གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བྱེད་པའི”ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་ཤིང་འཛུགས་ནགས་བཟོ་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཤུགས་ཆེན་སྤེལ་ཏེ“གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བྱེད་པའི”བྱེད་སྒོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།
          《ཤིང་འཛུགས་ནགས་བཟོ་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཤུགས་ཆེན་སྤེལ་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། ལོ་འཁོར་ནང་ལྗོན་ཤིང་ཡོད་པ་བྱེད་པའི་ལས་འགན་ཁག་བགོས་དང་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཡོད་པའི་རྫོང་3དང་ལྗོན་ཤིང་འཛུཌ་རྒྱུར་འཚམ་པའི་རྫོང(ཆུས)2ཀྱི་གྲོང་ཚོ་258དང་དུད་ཚང་ཁྲི་1.46ལ་ལྗོན་ཤིང་ཡོད་པ་བྱས་པ་རེད།
          དེ་དང་ཆབས་ཅིག་འབྲེལ་ཡོད་རྫོང་ནགས་ལས་ཅུས་ཀྱིས་ནོར་སྲིད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མ་དངུལ་དོན་འཁྱོལ་ཐད་བརྩོན་ལེན་དང་ལྗོངས་ནང་ཁུལ་གྱི་སྡོང་ཕྲུག་ཐོན་སྐྱེད་ཚན་པར་འབྲེལ་གཏུག་བྱས་ནས་སྡོང་ཕྲུག་མཁོ་སྤྲོད་ཀྱི་ལས་དོན་སྔོན་ནས་བསྒྲུབས་ཏེ“ལྗོན་ཤིང་ཡོད་པ་བྱེད་པའི”ལས་དོན་བདེ་བླག་ངང་སྒྲུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས“ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང”ལ་སྡོང་ཕྲུག་རྐང་ཁྲི་32.72ལྷག་ཉོས་པར་མ་དངུལ་སྒོར་ཁྲི་1077.5བཏང་ཡོད་པ་རེད།