འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།འབྲི་ཆུའི་འཁྱིལ་མཚོའི་ཆུ་ཁ་རྩ་བའི་ཆ་ནས་རྒྱུན་གཏན་གྱི་ཚད་གཞིར་སླེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་གནས་ཚུལ་ལ་གཞིགས་ན། འབྲི་ཆུའི་འཁྱིལ་མཚོའི་ཆུ་ཁ་རྩ་བའི་ཆ་ནས་རྒྱུན་གཏན་གྱི་ཚད་གཞིར་སླེབས་པ་དང་། ཆུ་སྟོད་ཆུ་སྨད་ཀྱི་ཆུའི་འབབ་ཚུལ་བརྟན་ལ། འཁྱིལ་མཚོའི་ཆུ་ཡུན་ནན་གྱི་ས་ཁོངས་ནང་བརྟན་པོའི་ངང་འབབ་ཅིང་། ཆུ་སྨད་ཀྱི་ཆུ་ཤུགས་གློག་ཁང་གིས་ཆུ་མཛོད་སྔ་སྣུར་དུ་བཤངས་ནས་ཁ་གཏད་གཅོག་ཐབས་བྱས་ཡོད། ཚེས་14ཉིན་གྱི་ཆུ་ཚོད་17བར། སི་ཁྲོན་དང་། བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་དུ་ད་རེས་ཀྱི་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་པའི་ཁྲོད་ཉེན་ཁ་ཆེ་རིགས་འཕྲད་མེད་པ་དང་། མི་སྣ་ཤི་རྨས་བྱུང་མེད་ལ། འཕྲལ་སྡོམ་ཐག་གཅོད་ལས་དོན་ཁག་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་ཡོད།
         འཕྲལ་སྡོམ་དོ་དམ་པུའུ་ཡིས་སྣེ་ཁྲིད་པའི་མཉམ་འབྲེལ་གྲོས་མོལ་ཚོགས་འདུའི་ཐོག་ཆུ་སྟོད་ཆུ་སྨད་རྒྱུད་ཀྱིས་སྔར་བཞིན་དོགས་ཟོན་ཆེན་པོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། རི་ཉིལ་ཁུལ་དང་ཆུ་སྟོད་ཆུ་སྨད་ཀྱི་འགྲམ་ངོགས་རྡིབ་ལོག་དང་ཟམ་པའི་གནས་ཚུལ་ལ་དམ་པོར་དམིགས་པ། ལྷག་པར་དུ་ཡུན་ནན་གྱིས་གཅིག་སྡུད་འདུས་སྡོད་ཁུལ་དང་། གཙོ་གནད་ཤང་དང་གྲོང་རྡལ། གཙོ་གནད་ལས་གྲྭ། ཁུལ་གལ་ཆེན་བཅས་ལ་དོ་སྣང་ཆེན་པོ་བྱས་ནས་དུས་ཐོག་ཏུ་ཉེན་ཁ་ཤེས་རྟོགས་དང་། ཉེན་ཁར་དམ་པོར་དམིགས་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་དང་སེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། བོད་དང་སི་ཁྲོན་ཏེ་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་ལས་དོན་གྱི་གཙོ་གནད་དེ་ས་གནས་ས་ཐོག་གི་རོགས་སྐྱོབ་ནས་གེགས་སེལ་རོགས་སྐྱོབ་ཀྱི་ཕྱོགས་སུ་བསྒྱུར་ཏེ་གེགས་འགོག་དང་། རོགས་སྐྱོབ། གེགས་སེལ་བཅས་གཞི་གཅིག་ཏུ་བསྒྲིལ་ནས་ལས་དོན་མཉམ་སྒྲུབ་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་དགོས་མཁོ་ཤེས་རྟོགས་བྱེད་པ་དང་། ས་གནས་སྲིད་གཞུང་གིས་ལས་དོན་གྱི་ཇུས་གཞི་འགོད་པར་རང་འགུལ་ངང་གཞོགས་འདེགས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དགུན་སྒྲོལ་འཚོ་བར་འགན་ལེན་བྱེད་དགོས། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་འབྲི་ཆུའི་ངོགས་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། མྱུར་སྐྱོབ་རོགས་སྐྱོབ་བཅས་སྐོར་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་ཏེ་བདེ་འཇགས་དྲན་སྐུལ་དང་ཉེན་ཟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད་པ་རེད།